e-texts navigator
Collection
Volume
Page
Wylie

75a1 @#འཕོས་ནས་ཡང་བག་གི་ལུས་སུ་སྐྱེ་བར་འགྱུར་ཏེ། རྟག་ཏུ་ངན་སྐྱུགས་མི་གཙང་ཟ་ཞིང་། འདམ་རྫབ་ཀྱི་ནང་དུ་ཡུན་རིང་པོར
75a2 གནས་ཏེ། རྒྱུན་ཏུ་སྡུག་བསྔལ་མྱོང་བར་འགྱུར་རོ།། དེ་ནས་གལ་ཏེ་མིའི་ལུས་ཐོབ་ན་ཡང་། ཤིན་ཏུ་དབུལ་བ་དང་། མི་གཙང་བ་དང་། དྲིང་བ་དང་། མདོག་མི་སྡུག་ཅིང
75a3 གནག་པ་དང་། ལུས་རིད་ཅིང་ཉམ་ཚུང་བ་དང་། འཇེ་ཅན་དུ་འགྱུར་ཏེ། སྐྱེ་བོ་ཀུན་ལ་མི་སྡུག་ཅིང་། བཀྲེས་པ་ཉམས་ཐག་པ། སྐྱེ་བོ་ཡོངས་ཀྱིས་དམད་པ། རྟག་པར
75a4 བརྡེག་ཚོགས་ཅིང་ཤིན་ཏུ་སྡུག་བསྔལ་བར་འགྱུར་རོ།། ཞེས་བཀའ་སྩལ་དེ་ཐོས་ནས། བྲམ་ཟེ་དེ་ཤིན་ཏུ་འཇིགས་སྐྲག་ཏེ་ཡིད་གདུངས་པས་དུས་ནས། བཅོམ་ལྡན་འདས
75a5 ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་གསོལ་པ། བུམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་མཛད
75a6 པ་ལགས་ན། བདག་ནི་སྡིག་པའི་ལས་ཐམས་ཅད་འཆགས་ཏེ། དེང་སླན་ཆད་བཅོམ་ལྡན་འདས་ཀྱིས་བཀའ་བཞིན་དུ་བགྱིད་ན། བདག་ངན་སོང་ངན་འགྲོ་སེམས་ཅན
75a7 དམྱལ་བར་སྐྱེ་བའི་སྡུག་བསྔལ་ལས་སྐྱབས་སུ་མཛད་པར་གསོལ། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་ཁྱོད་སོང་ལ།
75a8 གྲོང་ཁྱེར་ཆེན་པོ་སེར་སྐྱའི་ལམ་གྱི་སུམ་མདོན། མཆོད་རྟེན་རིང་བསྲེལ་གྱི་སྙིང་པོ་ཅན་རྙིངས་པ་རལ་པ། ཞིག་པ་ཞིག་ཡོད་པ་དེ་སླར་གསྟེགས་ཏེ། མཆོད་རྟེན




iiif viewer powered by OpenSeadragon

74b - 75b

Texts on this page

F551 - 'phags pa 'od zer dri ma med pa rnam par dag pa'i 'od ces bya ba'i gzungs