| e-texts navigator |
| Wylie |
74b1 ཞིག་གནས་པ་དེ། དུས་གཞན་ཞིག་གི་ཚེ། གཞན་ཞིག་གི་རྨི་ལྷས་སུ་རྨིས་ཏེ་བསྟན་པ། བྲམ་ཟེ་ཆེན་པོ་ཁྱོད་ད་སྟེ་ཞག་བདུན་ན་འཆི་བའི་དུས་བྱེད་པར་འགྱུར་རོ།།
74b2 ཞེས་ཟེར་བ་ཐོས་ནས། བྲམ་ཟེ་དེ་ཤིན་ཏུ་ཡང་མི་དགའ་སྟེ། འཇིག་ལ་སྐྲགས་ནས་ཡིད་ལ་བསམ་པ། བདག་གིས་སྲོག་གི་སྐྱབས་སུ་ཞིག་བཙལ་བར་བྱ། ཡང
74b3 དགེ་སྦྱོང་གོའུ་ཏ་མ་ཐམས་ཅད་མཁྱེན་པ་རྫུ་འཕྲུལ་དང་ལྡན་པ་ཞིག་ཡིན་ནོ་ཞེས་གྲག་ན། བདག་དེ་གན་དུ་སོང་སྟེ་ཐམས་ཅད་མཁྱེན་པ་ཡིན་ཡང་དག་ན། དེ་འཇིགས
74b4 པས་ཉམས་པར་གྱུར་པའི་སྐྱབས་མཛད་པའི་ཕྱིར་ཆོས་སྟོན་གོར་མ་ཆག་གོ་ཉམ་དུ་བསམས་ནས། བཅོམ་ལྡན་འདས་ཀྱིས་གན་དུ་སོང་བ་དང་། རྒྱང་རིང་པོ་ནས་བཙོ
74b5 ལྡན་འདས་འཁོར་མང་པོ་དང་ཐབས་གཅིག་ཏུ་བཞུགས་པ་མཐོང་ནས། བཅོམ་ལྡན་འདས་ལ་ཞུ་བར་མ་སྤོབས་ཏེ་སེམས་ཞིག་འདག་པ་ལ། བཅོམ་ལྡན་འདས་ཡང
74b6 དག་པར་རྫོགས་པའི་སངས་རྒྱས། དུས་གསུམ་མཁྱེན་པ། ཐམས་ཅད་གཟིགས་པ། སྒྲིབ་པ་མི་མངའ་བས་བྲམ་ཟེའི་བསམ་པ་མཁྱེན་ནས། བྱམས་པའི་ཐུགས་བརྩེ
74b7 བར་དགོངས་ཏེ་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་ཁྱོད་ད་སྟེ་ཞག་བདུན་ནས་འཆི་བའི་དུས་བྱས་ནས། ངན་སོང་ངན་འགྲོ་མནར་མེད་པའི་སེམས་ཅན་དམྱལ་བར་འགྱུར་རོ།
74b8 དེ་ནས་ཡང་རིམས་ཀྱི་སེམས་ཅན་དམྱལ་བ་བཅུ་དྲུག་ཏུ་ཁ་བརྒྱུད་དེ་སྐྱེ་བར་འགྱུར་རོ།། དེ་ནས་ཐར་ནས་ཀྱང་རིགས་ངན་ཤན་པའི་ལུས་སུ་སྐྱེ་བར་འགྱུར་རོ།། དེ་ནས་ཤིས