e-texts navigator
Collection
Volume
Page
Wylie

74a1 ཨརྱ་རསྨི་བི་མ་ལ་ཤུད་དྷེ་པྲ་བྷ་ན་མ་དྷ་ར་ནི། བོད་སྐད་དུ། འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི
74a2 འོད་ཅེས་བྱ་བའི་བཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས
74a3 གྲོང་ཁྱེར་ཆེན་པོ་སེར་སྐྱའི་གནས་ཀྱིས་ཕོ་བྲང་གི་དཀྱིལ་འཁོར་གྱི་ཁྱམས་ཆེན་པོ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན
74a4 པོ་རབ་ཏུ་མང་པོ་དག་དང་ཐབས་གཅིག་ཏུ་བཞུགས་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་དང་། ལག
74a5 རྡོ་རྗེ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། འཇམ་དཔལ་དང་། ཤེས་རབ་འོད་དང་། བྱམ་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ
74a6 ཆེན་པོ་གྲངས་མེད་པ་རྣམས་དང་། ལྷ་དང་། ཀླ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་།
74a7 མི་མ་ཡིན་པ་ལ་སོགས་པ་གྲངས་མེད་པས་བཅོམ་ལྡན་འདས་ལ་ཞེས་སར་བཅས། རི་མོར་བཅས། བཀུར་སྟིར་བྱས་ཏེ། ཡོངས་སུ་བསྐོར་བ་ལ་ཆོས་སྟོན་ཅིང
74a8 བཞུགས་སོ།། དེའི་ཚེ་སེར་སྐྱའི་གྲོང་ཁྱེར་ན་གནགས་པ། བྲམ་ཆེན་པོ་སེར་སྐྱའི་ཟླ་བ་ཞེས་བྱ་བ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཡིད་མ་ཆེས་ཞིང་ལོག་པར་ལྟ་བ




iiif viewer powered by OpenSeadragon

73b - 74b

Texts on this page

F551 - 'phags pa 'od zer dri ma med pa rnam par dag pa'i 'od ces bya ba'i gzungs