| e-texts navigator |
| Wylie |
36b1 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལེགས་པར་གནས་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས
36b2 དེ་སྐད་ཅེས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་དབྱིག་དང་ལྡན་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །། རྒྱ་གར་སྐད་དུ།
36b3 ཨཱརྱ་ཨ་ཀཱ་ར་ཤ་ཏ་བཱི་དྱ། བོད་སྐད་དུ། འཕགས་པ་ཡི་གེ་དྲུག་པ་ཞེས་བྱ་བའི་རིག་སྔགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད
36b4 ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ
36b5 ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡི་གེ་དྲུག་པའི་རིག་སྔགས་གང་། ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་དང་། འཇིག་རྟེན་སྐྱོང་བ་བཞི
36b6 དང་། གནོད་སྤྲིན་གྱི་དེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་ཀྱི་བཤད་པ། ཡི་གེ་དྲག་པའི་རིག་སྔགས་ཀྱི་རྒྱལ་མོ། འདི། ཀུན་དགའ་བོ་ཁྱོད་ཀྱི་བཟུང་ཤིག། ཚངས་ཤིག།
36b7 ལྷོགས་ཤིག། ཀུན་ཆུབ་པར་གྱིས་ཤིག། ཏདྱ་ཐཱ། དན་ཏི་ལེ། ཀན་ཏེ་ལེ། དན་ཌ་མ་ཏི། མ་དྷུ་མ་ཏི། ཀ་རན་ཏི། ཀོ་རན་ཏི་དྲ་བཱི་ཏེ། ཀོ་ཤ་ར།
36b8 ཚ་ཌ་ཛེ། རུ་རུ་མ་ཏེ། ཀུ་རུ་མ་ཏི། ཅུ་དུན་ཏེ། ཀུ་འུ་ཊ་དན་ཏེ། ཏ་རུ་ཧུ་རེ། ཨེན་ནེ་གེ་ཧུ་ཏཱ་བ་ཏུ་ནི། ཀུན་དགའ་བོ་འདི་ནི་ཡི་གེ་དྲུག་པའི་རིག་སྔགས་ཏེ