| e-texts navigator |
| Wylie |
36a1 འདིའི་ཆོ་ག་ནི་ཟླ་བ་ཡར་གྱི་ངོ་ལ་ཉི་མ་མ་ཤར་བར་འབྲས་ས་ལུའི་ཆན་དང་། འོ་མ་སྤགས་ཏེ་བཟའོ།།
36a2 སངས་རྒྱས་ཀྱི་རིགས་འདི་དག་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་རིག་སྔགས་ཀྱི་མིང་གཞན་དག་རྒྱན་དུ་ཡིད་ལ་བྱའོ།། འོན་ཀྱང་གསང་སྔགས་ཀྱི་གཞི་འདི
36a3 དག་གིས་མཐུས། གང་དག་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དག་ན་འཁོད་པའི་ལྷ་མ་ཡིན་ནམ། ནམ་ཁ་ལྡིང་དང་། མི་འམ་ཅི་དང་། ལྟོ་ཕྱེ
36a4 ཆེན་པོ་འམ། གནོད་སྦྱིན་ནམ། ཡཾ་དགས་སམ། གྲུལ་བུམ་འམ། ཤ་ཟ་འམ། མི་འམ་མི་མ་ཡིན་པ་དེ་དག་དེ་ལ་སེམས་དགའ་བར་འགྱུར། བར་ཆད
36a5 བྱེད་པར་མི་འགྱུར། རྟག་ཏུ་ཡོངས་སུ་བཟུང་བར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བཟང་དང་། ཡངས་པ་ཆེན་པོ་དང་། ལག་ན་རྡོ
36a6 རྗེ་དང་། ཡོངས་སུ་དགའ་ལྡན་དང་། རི་བདེ་ལ་གནས་པ་དང་། གངས་རི་ལ་གནས་པས་ཀྱང་ཡོངས་སུ་བཟུངས་པར་འགྱུར་རོ།། འོག་མིན་གྱི་བར་གྱི་བྱང་ཆུབ
36a7 སེམས་དཔའ་དེ་དག་གིས་ཀྱང་འདི་ལྟ་སྟེ། དབྱིག་དང་ལྡན་པའི་གཟུངས་ཀྱིས་མཐུས་འཇིག་པ་འམ། དགོན་པར་དེ་ལ་བྱིན་གྱིས་བརློབ་པར་འགྱུར། དེ་ལ་མི
36a8 འཇིགས་པ་སྦྱིན་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དགའ་ལྡན་ན་ལྭ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ལ་བཞུགས་ཤིང་། དེ་སྐད་ཅེས་བཀའ་སྩལ་ནས།