| e-texts navigator |
| Wylie |
35b1 མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡུམ་མོ།། དེ་ཅིའི་ཕྱིར་ཞེ་ན། འདས་པའི་དོན་ལ་མི་གནས། མ་འོང་བ་དང་། ད་ལྟར
35b2 བྱང་བའི་དོན་ལ་མི་གནས་པའི་ཕྱིར་རོ།། ལེགས་པར་གནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དབྱིག་དང་ལྡན་པའི་གཟུངས་འདི་འཛིན་པ
35b3 དེས། སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་པ་ལ་མཆོད་པ་དང་བསྙེན་བསྐུར་བྱས་པ་ཡིན་ནོ། སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་པ་དག་གིས་བསྒྲགས
35b4 པ་དང་། ཁོང་དུ་ཆུད་པར་བྱས་པ་ཡིན་ནོ།། སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་པ་དག་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན
35b5 པ་ཡིན་ནོ།། ལེགས་པར་གནས་པ་དབྱིག་དང་ལྡན་པའི་གཟུངས་འདི་འཛིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྙམ་དུ། བདག་གིས་སངས
35b6 རྒྱས་བཅོམ་ལྡན་འདས་གྲངས་མེད་པ་དག་འདི་ལྟ་སྟེ། སངས་རྒྱས་ཀྱིས་ཡེ་ཤེས་ཀྱི་མཉེས་པར་བྱས། བསྙེན་བཀུར་བྱས། མཆོད་པར་བྱས་སོ།། བསོད་ནམས
35b7 གྲངས་མེད་པ་བསྐྱེད་དོ།། སྙམ་དུ་ཤེས་པར་བྱའོ།། སུ་ཞིག་བསམ་པ་གང་གི་དབྱིག་དང་ལྡན་པའི་གཟུངས་འཛིན་པ་དེ་ལ་ཉེ་བར་གནས་པར་འགྱུར་ཏེ། ཤེས་རབ
35b8 འདོད་པ་ལ་ཤེས་རབ་དང་། གཟུངས་འདོད་པ་ལ་གཟུངས་དང་། དབྱིག་འདོད་པ་ལ་དབྱིག་དང་། ཐོས་པ་འདོད་པ་ལ་ཐོས་པ་ཉེ་བར་གནས་པར་འགྱུར་རོ།།