e-texts navigator
Collection
Volume
Page
Wylie

35a1 ཁྲིམས་ཅན་ཡང་ཡིན་ཏེ། བདེན་པའི་ཚུལ་ཁྲིམས་དང་། རྣམ་པར་དག་པའི་ཚུལ་ཁྲིམས་ཅན་ཡིན་ནོ།། མ་བརྟག
35a2 བའི་ཆོས་ཅན་ཡིན་ཏེ། བདེན་པའི་ཆོས་ཅན་དང་། རྣམ་པར་དག་པའི་ཆོས་ཅན་ནོ།། གཞན་གྱི་དྲིལ་ལ་མི་འཇོག་ཅིང་རང་གིས་ཆོས་ལ་བཞུགས་སོ།། སངས་རྒྱས
35a3 ལ་ལྷག་པར་བྱ་བ་བྱས་པའོ།། རིགས་ཀྱི་ཆོ་ག་ལ་བཞུགས་པའོ།། ལེགས་པར་གནས་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་ཆགས་སོ།།
35a4 མི་འཆིང་ངོ་།། མི་འགྲོལ་ལོ།། ལེགས་པར་གནས་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་ཆགས། མི་འཆིངས། མི་འགྲོལ་བ་དེའི་ཚེ།
35a5 སངས་རྒྱས་ཀྱི་རིགས་དང་། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིག་སྔགས་ཀྱི་མིང་གཞན་གྱི་གསང་སྔགས
35a6 ཀྱི་གཞི་རྣམས་ཀྱིས། དབྱིག་དང་ལྡན་པའི་གཟུངས་འདི་ཐོབ་བོ།། ཏདྱ་ཐཱ། ཀུ་ཊ་ཊི་ཀུ་ཊ་ཊི། ཀུད་ཙཱ་ལཱ། ཨ་ལ་ཨི་མི་རོ་ཏོ།། ཀོད་ཏ་ལ། ཨ་རེ་རི།
35a7 ཨ་མེ་རི་ཎི། ལེགས་པར་གནས་འདི་ནི། འདས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རིག་སྔགས་ཀྱི་མིང་གཞན་ནོ།། མ་བྱོན་པ་དང་ད་ལྟར་བྱུང་བའི་སངས
35a8 རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རིགས་སྔགས་ཀྱི་མིང་གཞན་ནོ།། ལེགས་པར་གནས། དབྱིགས་དང་ལྡན་པའི་གཟུངས་འདི་ནི། འདས་པ་དང་།




iiif viewer powered by OpenSeadragon

34b - 35b

Texts on this page

F544 - 'phags pa dbyig dang ldan pa zhes bya ba'i gzungs