e-texts navigator
Collection
Volume
Page
Wylie

34b1 འདི་ལྟར་ལེགས་པར་གནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བདག་གིས་བསོད་ནམས་བྱས་སོ་ཞེས་མི་འཛིན། བདག་གིས་བསོད་ནམས་མ་ཡིན
34b2 པ་དང་། དགེ་བ་དང་། མི་དགེ་བ་བྱས་སོ་ཞེས་མི་འཛིན་ཏོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ལེགས་པར་གནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཟུངས
34b3 འཛིན་པར་མི་རྟོག། རྣམ་པར་མི་རྟོགས་གོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུངས་ཐོབ་པ་ནི། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི
34b4 ཆོས་རྣམས་ལ་དངོས་པོར་རམ། མཚན་ཉིད་དུ་མི་རྟོག། ཡོངས་སུ་མི་རྟོག་ཏེ། རྐྱེན་དུ་མ་ཡིན། རྐྱེན་དུ་མེད་པར་མ་ཡིན། འགྲོ་བར་མ་ཡིན། འགྲོ་བ་མེད་པར
34b5 མ་ཡིན། འཆི་འཕོ་བར་མ་ཡིན། སྐྱེ་བར་མ་ཡིན། སྟོང་པར་མ་ཡིན། མི་སྟོང་པར་མ་ཡིན་ནོ།། མཚན་མར་མ་ཡིན། མཚན་མ་མེད་པ་མ་ཡིན། སྨོན་པར
34b6 མ་ཡིན། སྨོན་པ་མེད་པར་མ་ཡིན་ནོ།། ལེགས་པར་གནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་། མཐའ་འདིས་རྣམ་པར་སྤྱོད་པ་དེ་ནི་ཡེ་ཤེས
34b7 ལ་གནས་པ་ཞེས་བྱའོ།། གང་གི་ཚེ་ཡེ་ཤེས་ལ་གནས་པར་གྱུར་པ་དེའི་ཚེ། མྱ་ངན་ལས་འདས་པ་ཞེས་བྱའོ།། གང་གི་ཚེ་མྱ་ངན་ལས་འདས་པར་གྱུར་པ་དེའི་ཚེ།
34b8 དབྱིག་དང་ལྡན་པའི་གཟུངས་ལེན་ཅིང་ཀུན་ཆུབ་པར་བྱེད། འཛིན་ཏམ་འདོན་ཏམ་ཚིག་འབྲུ་ཡང་ཡོངས་སུ་ཟད་པར་མི་འགྱུར་རོ།། ཡོངས་སུ་མ་རྟག་པའི་ཚུལ




iiif viewer powered by OpenSeadragon

34a - 35a

Texts on this page

F544 - 'phags pa dbyig dang ldan pa zhes bya ba'i gzungs