| e-texts navigator |
| Wylie |
34a1 ཅད་དུ་སྐྱེ་བ་དྲན་པར་འགྱུར་རོ།། དཀྱིལ་འཁོར་བྱས་པའི་ལག་པ་འཇིམ་པ་ཅན་གྱིས་གང་ན་བར་བསྐུས་ནས། ནད་ཐམས་ཅད་དང་།
34a2 མཛེའི་རྣ་བ་བཅཝོ་བརྒྱད་ལ་སོགས་པ་མ་ལུས་བཞི་བར་འགྱུར་རོ།། མཆོད་རྟེན་གདབ་པའི་ཕན་ཡོན་གྱི་གཟུངས་རྫོགས་སོ།། ། རྒྱ་གར་སྐད་དུ།
34a3 ཨཱརྱ་ཧི་ར་ནྱ་གརྦེ་ན་མ་དྷ་ར་ནི། བོད་སྐད་དུ། འཕགས་པ་དབྱིགས་དང་ལྡན་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག
34a4 འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དགའ་ལྡན་ན་ལཱ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ལ། བྱང་ཆུབ་སེམས་དཔའ་སྟོང་ཕྲག་དུ
34a5 མ་ཐམས་ཅད་ཀྱང་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ། སྐྱེ་བ་གཅིག་གིས་ཐོགས་པ་རྣམས་དང་ཐབས་གཅིག་ཏུ་བཞུགས་ཏེ།
34a6 དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་ལེགས་པར་གནས་པ་ལ་བཀའ་སྩལ་པ། ལེགས་པར་གནས་པ་གང་བྱང་ཆུབ་སེམས་དཔའ་སེམས་དཔའ
34a7 ཆེན་པོ་གང་དབྱིག་དང་ལྡན་པའི་གཟུངས་འཛིན་པར་མི་འདོད་པ་དེས། འདས་པ་དང་མ་བྱོན་པ་དང་། ད་ལྟར་འབྱུང་བའི་དེ་བཞིན་གཤེགས་པ་རྣམས་མ་མཐོང་ངོ་།།
34a8 མ་ཐོས་སོ།། མ་མྱོང་ངོ་།། གང་གི་འདི་ལྟར་དེ་བཞིན་གཤེགས་པ་རྣམས་མཐོང་བ་དང་ཟོས་པ་དང་། མྱོང་བ་དེས་གཟུངས་ཐོབ་བོ།། དེ་ཅིའི་ཕྱིར་ཞེ་ན།