| e-texts navigator |
| Wylie |
33a1 སྟོབས་འཇོམས་པར་བྱེད་ཅན། བགེགས་འཇོམས་པར་མཛད་པ་ཅན། ལྷའི་ཡུམ་ཁྱོད་ལ་ཕྱག་འཚལ་ལོ།།
33a2 བསྟོད་སྭཱ་ཧཱ། སྔགས་ཀྱི་ཚིག་དྲག་ཤུལ་ཅན་འདི་སྦྲུལ་གྱི་མདུན་ད་ཀླག་པར་མི་བྱ་སྟེ། འཆི་བ་དང་། ཀླད་པ་འགས་ཤིང་ཆལ་པ་བརྒྱར་འགྱུར་རོ།། སྔགས་ཀྱི་ཚིག
33a3 དྲག་ཤུལ་ཅན་མོ་སྦྲུལ་གྱིས་ཐོས་ན་སྦྲུལ་འཆི་བའི་ཕྱིར་རོ།། ཨོཾ་ཀཻ་ལི་ཀི་ལི། མ་ཧཱ་ཀི་ལི། ཀ་ལ་རཱ་པི་ནི། བགེགས་ཐམས་ཅད་བཟློག་ཤིག། ཕ་རོལ་ཕམ་པར
33a4 མཛོད་ཅེག། སྭཱ་ཧཱ། ཀླགས་པས་གྲུབ་པ་ཨང་གུ་ལི་སྙིང་པོ་དང་བཅས་པའོ།། ཏདྱ་ཐཱ། ཨོཾ་དྷུ་ནི་དྷྱེ་ནི། སཏྱ་ཏྱེ། ཨ་རྱཱ་ཧ་ས། ནི། དྷུ་དྷ་ནེ། བན་དྷ་བན་དྷ།
33a5 རྡོ་རྗེའི་གཟུངས་མེང་པོ་བཀའ་སྩལ་པ། འཇོག་པོའི་དུག་འདོར་དུ་འཇུག་མ། ཛ་ཡ་ཛ་ཡ། མུ་ཛ་མྲ་ཛ། མུན་ཛ་མུན་ཛ་ཐ~ཾང་ཤིག། གློག་དང་རླུང་ལྟར་འགྱོག་པའི་ཤུ
33a6 ཅན་རོ་ལངས་ཆེན་མོ།། བཅོམ་ལྡན་འདས་ཤཀྱ་ཐུབ་པའི་ཞལ་ནས་འབྱུང་བ། མུ་ཡ་མུ་ཡ། མུཛྫ་མུཉྩ། ཀླགས་པས་འགྲུབ་པ། བཅོམ་ལྡན་འདས་མ་འཕགས
33a7 མ་རིག་པའི་རྒྱལ་མོ་སོར་མོ་ཅན་ཞེས་བྱ་བ་རྫོགས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས
33a8 རྒྱས། རྣམ་པར་སྣང་མཛད་འང་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། དེ་ལ་མཆོད་རྟེན་གཅིག་བཏབ་ན་བྱེ་བ་བཏབ་པར་འགྱུར་བའི་སྔགས་དང་ཚིག་ན། འཇམ་པ