e-texts navigator
Collection
Volume
Page
Wylie

31a1 སེམས་ཅན་དབུལ་ཞིང་སྡུག་བསྔལ་བ་དེ་དག་གི་སྡུག་བསྔལ་ཞི་བའི་ཕྱིར། རང་གི་སྲོག་སྙིང་པོ་དང་། རིག་སྔགས་ཁྱོད་ཀྱིས
31a2 སྟོན་ཅིག། ངས་ཀྱང་བྱིན་གྱིས་བརླབས་པར་བྱའོ།། དེ་ནས་གནོད་འཛིན་གྱིས་གསོལ་པ། གསང་བའི་བདག་པོ་བཅོམ་ལྡན་འདས། སེམས་ཅན་སྡུག་བསྔལ་ཞི་བའི་ཕྱིར།
31a3 རིག་སྔགས་ཀྱིས་ནི་བསྟན་པར་བགྱི། སྡུག་བསྔལ་སྤོང་ཞིང་བདེ་བ་ཐོབ། ཚོགས་ཆེན་གཉིས་ནི་རྫོགས་འདོད་པས། རང་ལུས་སྲུང་ཞིང་རིག་སྔགས་འདི། བཟླས་ཞིང
31a4 ཡོངས་སུ་བཟུང་བར་བ།། ན་མཿཨཱརྱ་ཛམ་བྷ་ལ། མ་ཧཱ་ཛམ་བྷ་ལ། ཏདྱ་ཐཱ། ར་ར་ར་ར། ཀུ་ནུ་ཀུ་ནུ། ཁུ་ནུ་ཁྭ་ནུ། གུ་ནུ་གུ་ནུ། ས་བེ་ས་པ། ཀ་ར་ཀ་ར།
31a5 མ་ཧཱ་བྷི་ར་རམ། མ་ཧཱ་ཀཽ་ར་དོ།། མ་ཧཱ་ར་ཤ། དུ་མ་སརྦ་སཏྭ་ནཉྩ་སྭཱ་ཧཱ། བཅོམ་ལྡན་འདས་གསང་བའི་བདག་པོ་སྔགས་འདིས་འདོན་པས་སྐུད་པ་སྔོན་པོ་ལ་ལན་བདུན
31a6 དུ་སྔགས་ཀྱིས་བཏབ་སྟེ། ལན་རེ་རེ་མདུད་པ་རེ་རེ་བོར་ནས་དཔུང་པ་ལ་བཅིང་ན། དགོས་པ་ཐམས་ཅད་འགྲུབ་པར་འགྱུར་ལགས་སོ།། གུ་གུལ་ཅན་དན་པྲི་ཀ་དང་།
31a7 ཨ་ཀ་རུ་དང་དུ་རུ་ཀ། ཏ་ཀ་ར་དང་སྦྱར་བའི་སྨན། དེའི་མཆོད་པ་དབུལ་བར་བྱ། ན་མོ་ཨརྱ་ཛམ་བྷ་ལ། ན་མོ་དྷ་ད་ཡ། དན་ཏི་ཤྭ་རཱ་ཡཱ། ཨ་ཀར་ཤ་ཡ། ཨ་ཀར
31a8 མི་ཏ། དན་ཏི་ཤ་ར་པ། བ་ར་མ་ཀ་དྷུན་པ། སརྦ་སཏྭ། ཧཱི་ཏ་ཛིན་ཏེ། མ་མ་དྷ་ན་ད། ན་མོ་པ་རི་ཤ་ཡེ། ས་མ་ཡ་ཨ་ཀ་རཾ་ཤ་སྭཱ་ཧཱ། རིགས་སྔགས་འདི་ལན




iiif viewer powered by OpenSeadragon

30b - 31b

Texts on this page

F541 - 'phags pa gnod 'dzin dpal zhes bya ba'i gzungs