e-texts navigator
Collection
Volume
Page
Wylie

30b1 དུ་འཇུག་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མེ་ཏོག་དང་བདུག་པས་མཆོད་པ་བྱས་ཏེ། ཚོགས་ཀྱི་བདག་པོའི་སྙིང་པོ་འདི་ཀླག་ན་ལས་ཐམས་ཅད་འགྲུབ་ཀྱིས།
30b2 འདི་ལ་ཐེ་ཚོམ་མ་ཟ་ཤིག། འཐབ་པ་དང་། རྩོད་པ་དང་། ཁྲག་འཁྲུགས་པ་དང་། གཡུལ་འཁྲུག་པ་ཐམས་ཅད་ཀྱི་ནང་དུ་ཡང་དྲན་པར་བྱས་ནས་ཐམས་ཅད་རབ་ཏུ་ཞི་བར
30b3 འགྱུར་རོ།། ཉིན་གཅིག་བཞིན་དུ་ནང་པར་ལངས་ནས་ཚིག་ཏུ་འདོན་ན། ཐོས་པ་འཛིན་པར་འགྱུར་རོ།། གནོད་སྦྱིན་དང་། སྲིན་པོ་དང་། མཁའ་འགྲོ་མ་ཐམས་ཅད་ཀྱི་བདང
30b4 འཕྲོག་པར་མི་འགྱུར་ཞིང་། ཐག་རིང་པོར་ཡོངས་སུ་སྤོང་བར་མི་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་།
30b5 ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཆོག།
30b6 ཀྱི་བདག་པོའི་སྙིང་པོའི་གཟུངས་རྫོགས་སོ།། །། རྒྱ་གར་སྐད་དུ། ཨརྱ་ཤྲི་ཛམ་བྷ་ལ་ན་མ་དྷ་ར་ནེ། བོད་སྐད་དུ། འཕགས་པ་དཔལ་གནོད་འཛིན་ཞེས
30b7 བྱ་བའི་གཟུངས། དཔལ་གནོད་འཛིན་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེའི་ཕོ་བྲང་ལྕང་ལོ་ཙ
30b8 གྱིས་གནས་དམ་པ་ན། འཁོར་གནོད་སྦྱིན་དུ་མས་བསྐོར་ཏེ་བཞུགས་སོ།། དེའི་ཚེ་གནོད་སྦྱིན་གྱི་བདག་པོ་དཔལ་གནོད་འཛིན་ལ། གསང་བའི་བདག་པོས་བཀའ་སྩལ་པ།




iiif viewer powered by OpenSeadragon

30a - 31a

Texts on this page

F540 - 'phags pa tshogs kyi bdag po'i snying po
F541 - 'phags pa gnod 'dzin dpal zhes bya ba'i gzungs