| e-texts navigator |
| Wylie |
29b1 ཤ་བའི་རླིག་འབྲས་ཙམ་ཡུན་རིང་དུ་འབབ་བོ།། ལོ་ཐོགས་འཇོམས་པའི་གསང་སྔགས་ནི་ཐཱ་ཞེས་པས་བྱའོ།། སྐུ་དང་ཀ་ཀའི་ཐོད་པས་བྱུང་བར་དུ། ཉི་མ་རེ་རེ་དབབ་པས
29b2 དབྱུང་བར་བྱའོ།། ཚོགས་ཀྱི་བདག་པོའི་སྐུ་ལ་མཆོད་པ་དཔྲལ་བར་བྱའོ།། གསང་སྔགས་ཀྱང་མ་ནོར་བར་བཅིང་ངོ་།། རིན་པོ་ཆེའི་འཕྲེང་བ་ལ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ།།
29b3 སྐྲ་ཁྲུས་གསོལ་ལོ།། བདག་གིས་དཀྱིལ་འཁོར་དུ་བཞུགས་སུ་གསོལ་ལོ།། དེ་ལས་སོགས་པ་མཐའ་ཡས་ཚོགས། ཚོགས་ཀྱི་བདག་པོས་བྱེད་པ་ཡི། ཕྱག་འཚལ་དཔལ
29b4 ལྡན་ཚེགས་བདག་ཆེ། ཕྱག་འཚལ་དཔལ་ལྡན་ཚོགས་བདག་དགེས། ཕྱག་འཚལ་དཔལ་ལྡན་ཞི་བ་ཆེ། ཕྱག་འཚལ་དཔལ་ལྡན་ཁྲོ་བོ་ཆེ། དངོས་གྲུབ་འབྱུང་བའི་རྒྱུད
29b5 ལས། ཚོགས་ཀྱི་བདག་པོ་ལ་བསྟོད་པའི་ལེའུ་སྟེ་བཅཝ་བརྒྱད་པའོ།། །། ཚོགས་ཀྱི་བདག་པོའི་རྒྱུད་ལས། དངོས་གྲུབ་འབྱུང་བའི་རྒྱུད་ཅེས་བྱ་བ་རྫོགས་སོ།།
29b6 རྒྱ་གར་གྱིས་མཁན་པོ་དེ་པོ་ཀ་ར་ཤྲེ་ཛྙཱ་ནས་འཇིག་རྟེན་གྱི་དངོས་གྲུབ་ཀྱི་ཆེད་དུ། རྒྱ་གར་གྱི་ཡུལ་ནས་བསྒྱུར་ནས། འབྲོང་སྟོན་པ་རྒྱལ་བའི
29b7 འབྱུང་གནས་ལ་གནང་བ་ཡིན་ནོ།། རྒྱུད་འདིས་བསམ་པ་ཐམས་ཅད་འགྲུབ་ཅེས་གསུངས་སོ།། ། རྒྱ་གར་སྐད་དུ། ཨརྱ་ག་ན་པ་ཏི་ཧྲྀད་ཡ།
29b8 བོད་སྐད་དུ། འཕགས་པ་ཚོགས་ཀྱི་བདག་པོའི་སྙིང་པོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི