e-texts navigator
Collection
Volume
Page
Wylie

25a1 སྐ་མ་རྒྱལ་གྱི་ཉན་པར་ནི། བདག་ཉིད་ཤར་དུ་ཁ་བལྟས་ཏེ། གོས་དཀར་གྱོན་ནས་ཁྲུས་བྱས་ཏེ། ཐལ་སྦྱར་ཡིད
25a2 ཀྱི་གསོལ་བ་བཏབ། བདག་ལ་གནོད་པའི་བགེགས་གང་ཡིན། ཤེལ་གྱི་སྐྲ་དེ་མེ་ལོང་ལ། མེ་ལོང་གང་ལ་གསལ་བར་འགྱུར། ཡང་ན་སེ་ན་པྲ་ཞེས་པའི།
25a3 རིགས་པའི་རྒྱལ་མོ་འབུམ་དུ་བཟླས། ཤེལ་གྱི་སྐྲ་དེ་མེ་ལོང་སྟེ། མི་གཡོ་མི་འགུལ་བར་ནི་བཞག། བདག་ཉིད་ཤར་བྱས་ཤར་དུ་ལྟ། རྩོ་ར་བ་དང་རྐུན་མེ་ནི།
25a4 གང་ཡིན་མེ་ལོང་ནང་དུ་འབྱུང་། དེ་ཚེ་དེའི་དེ་ངོས་ཟིན། ཚོགས་བདག་ཤེལ་གྱི་སྐུ་དེ་ནི། མཆོད་ནས་རབ་གནས་ལེགས་བྱས་ནས། ནམ་ཀུ་རུ་ཞེས་བྱ་བ་ཡི། རིགས་པ
25a5 འབུམ་དུ་བཟླས་བྱས་ནས། ནད་དང་སྡུག་བསྔལ་གྱིས་ཉེན་ལ། སྐྲ་དེ་བསྟན་པ་ཙམ་གྱིས་ནི། ནད་པ་རྣམས་ཀྱང་སོས་པར་འགྱུར། སྡུག་བསྔལ་ལས་ཀྱང་ཐར་པར
25a6 འགྱུར། ཞི་བའི་ཆོ་ག་ཆེན་པོ་ཡིན། རིན་ཆེན་གསེར་ཞེས་བྱ་བ་ལས། ཚོགས་བདག་ཆེན་པོའི་སྐུ་བྱས་ཏེ། མཆོད་དང་བཟླས་བརྗོད་བརྩོན་བྱས་ནས། སྐྱེ་བ་འདི་དང
25a7 ཕྱི་མ་ལ། རྟག་ཏུ་ཡོ་བྱད་འཕེལ་བར་འགྱུར། ནོར་གྱི་བདག་པོ་རྣམ་ཐོས་བུ། རྒྱལ་པོ་བཞིན་དུ་བསྙེན་བཀུར་བྱེད། དེས་ནས་དཔལ་ལྡན་ཚོགས་བདག་གི། སྐུ་གཟུགས
25a8 དཀྱིལ་འཁོར་གྲུ་བཞིར་བཞག། བ་ར་ཏ་པའི་གསང་སྔགས་ནི། བཟླས་པ་འབུམ་དུ་བྱས་པ་ཡིས། ཚེ་འདི་ཉིད་ལ་དངོས་གྲུབ་ནི། ཅི་དང་ཅི་འདོད་སྦྱིན་པ་མཛད།།




iiif viewer powered by OpenSeadragon

24b - 25b

Texts on this page

F539 - tshogs kyi bdag po chen po'i rgyud ces bya ba