| e-texts navigator |
| Wylie |
23a1 གཡས་ན་ལ་པུག་དང་དགྲ་སྟ་འཛིན་ཅིང་། གཡོན་པ་དག་ན་ཏྲི་ཤཱ་ལ་དང་ཐོད་པ་འཛིན་པའོ།། ལག་པ་གཡོན་པ་ཁུ་ཚུར
23a2 བཅངས་པ་ལས། འཛུམ་མོ་དང་གུང་མོ་བརྐྱང་ལ། འཛུབ་མོ་བཀུག་ལ་མགུང་མོའི་ཚིགས་སུ་གཟུགས་པར་བྱ་བ་ནི་ཚོགས་ཀྱི་བདག་པོའི་ཕྱག་རྒྱའོ།། ཚོགས་ཀྱི་བདག
23a3 པོའི་ཕྱག་རྒྱ་བརྟན་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་བསང་སྔགས་བསྟན་པ་ནི། ཨོཾ་ནི་དཔལ་དང་མགོ་ལ་བཞག། དེ་ནས་ཡིད་བཞིན་ནོར་བུ་ནི། རིན་པོ་ཆེའི
23a4 ཡི་གེ་བྲི། སྡེ་ཚན་གསལ་བྱེད་དང་པོ་ཡང་། དེ་ཡི་རྗེས་སུ་བྲི་བར་བྱ། དེ་བཞིན་གཤེགས་པའི་མཚན་དང་པོ།། དབྱང་ཡིག་བརྒྱད་པས་མཛེས་པར་བྱ། གསལ་བྱེད་དང་པེའི
23a5 ཡི་གེ་ཡང་། བློ་ཡི་བླངས་ཏེ་ཡིད་ཀྱི་བྲི། སྡེ་ཚན་བཞི་པའི་གསུམ་པ་ལ། དང་པོའི་ལྔ་པས་སྦྱར་བར་བྱ། སྡེ་ཚན་བདུན་པའི་དང་པོ་ལ། གསུམ་པའི་དང་པོའི་འོག་ཏུ་སྦྱར།
23a6 ཡིད་བཞིན་ནོར་བུའི་ཡི་གེ་ལ། བཞི་པའི་ལྔ་པ་ཟླ་ལ་བཞག། དབྱངས་ཡིག་གསུམ་པས་བརྒྱན་པར་བྱ། བཞི་པའི་བཞི་པ་དེ་ནས་བརྗོད། དངོས་གྲུབ་བསྒྲུབས་པའི
23a7 ཡི་གེ་ནི། དེ་ཡི་རྗེས་ལ་བྲི་བར་བྱ། གསང་སྔགས་དྲག་པོའི་ཡི་གེ་ཡང་། ཀུན་གྱི་མཐར་ནི་བརྗོད་པར་བྱ། གསང་སྔགས་འདི་ཡིད་དངོས་གྲུབ་ནི། འཇིག་རྟེན
23a8 དབང་ཕྱུག་ཉིད་ཀྱི་བྱིན། དགོས་པ་ཐམས་ཅད་སྒྲུབ་པའོ།། ཚོགས་བདག་ཆེན་པོའི་གསང་སྔགས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་གཞན