| e-texts navigator |
| Wylie |
22b1 རྒྱུད་ལས། ལྷའི་དངོས་གྲུབ་ཀྱི་གསངས་སྔགས་བསྟན་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་ཚོགས་ཀྱི་བདག་པོ་བཤད་པར་བྱ་སྟེ། ཚོགས་ཀྱི་བདག་པོ་སྐུ
22b2 མདོག་དཀར་པོ་གླང་པོ་ཆེའི་མགོ་བོ་ཅན། མཆེ་བ་ཡ་ཙག་ཆག་པ། ཕྱག་ན་ལ་བུག་དང་། ལ་ཏུས་གང་བའི་སྣོད་བསྣམས་པ། བྱེ་བ་ལ་ཚབས་པ། རིན་པོ་ཆེས་སྐུ
22b3 བརྒྱན་པ། ཟླ་བ་ཆེས་པའི་དབུ་བརྒྱན་ཅན། འོད་གསལ་བ། འོད་འཕྲོ་བ། མདོག་བཟང་བ། ཁ་དོག་བཟང་བ། གསུས་པ་ཆེ་བ། བརྒྱན་གྱི་སྤྲད་པའོ།། དངོས་གྲུབ
22b4 འབྱུང་བའི་རྒྱུད་ལས། ཚོགས་ཀྱི་བདག་པོ་བསྟན་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་སྐར་མ་རྒྱལ་གྱི་ཉིན་པར་མེ་ཏོག་དཀར་བའི་ཤིང་གི་རྩ་བ་བླངས
22b5 ཏེ། ཚེགས་ཀྱི་བདག་པོའི་གཟུགས་བྱ་སྟེ། ཁ་དོགས་དཀར་པོ་གླང་པོ་ཆེའི་མགོ་ཅན། ཕྱག་གཡས་ན་ལ་ཕུག་དང་། གཡོན་ན་ནོར་བུ་རིན་པོ་ཆེའི་བསྣམས་པའོ།།
22b6 ལྕགས་མས་དགྲ་སྟ་དང་། ཁ་ཊྭཱཾ་ཀ་རྣམ་པ། གསུས་པ་ཆེ་བ་བརྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཟླ་བ་དང་བྱི་བའི་ཁྲི་ལ་ཞུགས་པ་མཁས་པས་བྱས་སོ།། དེ་དཀྱིལ་འཁོར
22b7 གྱི་དབུས་སུ་བདག་ལ་ཞལ་མངོན་པར་ཕྱོགས་པས་བཞག་ལ། བདག་ཉིད་ལོག་འདྲེན་གྱིས་གཟུགས་ཀྱི་ཡང་དག་པར་མཆོད་དོ།། ཚོགས་ཀྱི་བདག་པོ་ཞལ་ཅིག་ཕྱག་བཞི
22b8 བ་གྲུབ། དེ་ནས་དབང་ལྡན་གྱི་མཚམས་སུ། ཚོགས་ཀྱི་བདག་པོ་གླང་པོ་ཆེའི་མགོ་ཅན། བྱི་བ་ལ་ཆིབས་པ། མིག་གསུམ་པ། ཟླ་བ་ཕྱེད་པ་འཛིན་པ།