| e-texts navigator |
| Wylie |
17a1 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ལེགས་སོ་ལེགས་སོ།། ཤཱ་རིའི་བུ་གཟུངས་ཐོབ་པའི་བྱང་ཆུབ་སེམས
17a2 དཔའ་ནི། སངས་རྒྱས་ཉིད་དུ་བརྗོད་དོ།། ཤཱ་རིའི་བུ་གང་ལ་ལ་ཞིག་བྱང་ཆུབ་སེམས་དཔའ་གཟུངས་ཐོབ་པ་ལ་སྟི་སྟང་བྱེད་དམ། བླ་མར་བྱེད་དམ། རིམ་གྲོར་བྱེད་དམ།
17a3 མཆོད་པར་བྱེད་དམ། དེས་སངས་རྒྱས་ཐམས་ཅད་ལ་དད་ལ་སྟེ་སྟང་བྱས་པར་འགྱུར་རོ།། གང་དག་གིས་གཟུངས་ཐོབ་པ་དང་། གང་དག་མོས་པ་དེ་དག་ཀྱང་སངས་རྒྱས
17a4 རྣམས་ཇི་ལྟ་བ་དེ་བཞིན་དུ་མཆོད་པའི་འོས་སུ་འགྱུར་ཞིང་། བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་འགྱུར་རོ།། ཤཱ་རིའི་བུ་གཟུངས་ནི་འདི་ཡིན་ཏེ། སན་དྷ་ར་ནི།
17a5 ཨུད་ད་ཏ་ར་ན། སམ་པྲ་ཏི་ཤཱ་ཏ། སུ་ཏ་མ། སུ་པྲ་ཏི་ཤ་ཏཱ། བཱི་ཙ་ཡ་བེ་ལ། ཨ་བྷ་པྲ་ཏི་ད་ན་ཉ། ཨ་རོ་ཧ། དྷཱ་ན་བ་ཏི། ཨུད་བ་ཏི་ནི། བ་ན་མཱ་ནི། ཨ་བྷིཥྚ
17a6 ནིཏ.་བྷི་བྱ་ཧ་ར། ཤུ་བྷ་བེ་ཏི། ཨ་ནི་ཤི་ཏྲ། ཨ་བ་ཧུ་ཀུ་བྷ། ཨ་བྷི་བ་ཙ།། ཤཱ་རིའི་བུ་འདི་དག་ནི་དབང་བསྐུར་བའི་གཟུངས་ཀྱི་ཚིག་རྣམས་ཏེ། འདས་པ
17a7 རྣམས་དང་། མ་འོངས་རྣམས་དང་། ད་ལྟར་བྱུང་བ་རྣམས་དང་། ལེགས་པར་གནས་པ་རྣམས་བྱང་ཆུབ་སེམས་དཔའ་གང་གིས་ལགས་པར་བཟུང་སྟེ་འཆང་བ་དང་།
17a8 མྱུར་དུ་མངོན་པར་རྫོགས་པར་འཚང་བརྒྱ་པར་བྱ་བའི་ཕྱིར་བསྐལ་པ་བརྒྱད་དང་། བསྐལ་པ་སྟོང་དག་སྨོན་ལམ་གྱིས་ཟད་པར་བགྱིད་པར་འགྱུར། དེ་ལ་མཚོན་གྱིས