e-texts navigator
Collection
Volume
Page
Wylie

16b1 པ་ཡང་ལེགས་སོ།། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་གཟུངས་ནི་ཆོས་ཉིད་ཀྱིས་འདས་པ་མ་ཡིན། མ་འོངས་པ་དང་། ད་ལྟར་བྱུང་བ་མ་ཡིན་ཏེ། ཤཱ་རིའི་བུ་གཟུངས་ནི་འདས
16b2 པ་ཞེས་མི་འཆད། མ་འོངས་པ་ཞེས་མི་འཆད། ད་ལྟར་བྱུང་བ་ཞེས་མི་འཆད། དངོས་པོར་མི་འཆད། དངོས་པོ་མེད་པར་མི་འཆད། མཚན་མ་དང་། མཚན་མ་མེད
16b3 པར་མི་འཆད། ཆོས་གང་ཡང་སྐྱེ་བ་འམ། འགག་པའི་ཕྱིར་མི་འཆད་མོད་ཀྱི། ཤཱ་རིའི་བུ་འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་པར་གཞེད་པའི་ཕྱིར་སྟོན་ཏེ།
16b4 གང་འདི་གཟུངས་ཀྱི་ཆོས་ཀྱི་རྣམས་གྲངས་ཀྱི་གཟུངས་ནི་གཟུགས་མེད་པ། བྱ་བའི་ལམ་དུ་གྱུར་པ། རིགས་པའི་སྟོབས་ཀྱི་གནས་པ། སངས་རྒྱས་ཀྱི་ཡོན་ཏན།
16b5 སངས་རྒྱས་ཀྱི་ལྷག་པར་བྱ་བ་སྒྲུབ་པ། སངས་རྒྱས་ཀྱི་ཚུལ་ཁྲིམས། སངས་རྒྱས་ཀྱིས་བསྡུས་པ། སངས་རྒྱས་ཀྱི་འཚམས་སྦྱོར་བ། སངས་རྒྱས་འབྱུང་བའོ།།
16b6 དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གཟུངས་གང་ལ་གནས་ཤིང་གཟུངས་དེ་ཐོབ་ན། བྱང་ཆུབ
16b7 སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱི་མི་ལྡོག་པར་འགྱུར་བ་དང་། དམ་བཅས་པ་བཟང་བ་དང་། ཆོས་ལ་མི་གནས་པ་དང་། བདག་ལ
16b8 ཐེ་ཚོམ་མ་མཆིས་པ་དང་། སློབ་པ་མ་མཆིས་པ་དང་། རང་གི་ལམ་ལ་གནས་པ་བཅོམ་ལྡན་འདས་བཤད་དུ་གསོལ། བདེ་བར་གཤེགས་པས་བཤད་དུ་གསོལ།




iiif viewer powered by OpenSeadragon

16a - 17a

Texts on this page

F536 - 'phags pa dbang bskur ba zhes bya ba'i gzungs