| e-texts navigator |
| Wylie |
16a1 བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་པོ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་བརྒྱད
16a2 སྟོང་གིས་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་གྲངས་མེད་པ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱས་པ་རྣམས་དང་། ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ།
16a3 ལྡན་འདས་ཀྱིས་ཤ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཀྱིས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་མ་དང་། བྱང་ཆུབ་སེམས་དཔའ་སྤྱོད་པ་དང་། བདེན་པའི
16a4 སྨོན་ལམ་དང་། བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་བཟུང་བ། བྱང་ཆུབ་སེམས་དཔའ་ཆོས་འདི་དག་སྒོམས་ཤིག། སྟོན་ཅིག། དེ་དག་ཞེས་འདི་ལྟ་སྟེ། དབང
16a5 བསྐུར་བའི་བཟུང་ཀྱི་ཆོས་ཀྱི་རྣམ་གྲངས་སོ།། དེ་ནས་ཚེ་དང་ལྡན་པ་ཤ་རིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གཟུངས་ནི་ཡུལ
16a6 ན་མི་གནས། ཕྱོགས་ན་མི་གནས། བཅོམ་ལྡན་འདས་གཟུངས་ཞེས་བགྱི་བ་འདིའི་ཚིག་གིས་དོན་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས
16a7 ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤཱ་རིའི་བུ་ལེགས་སོ་ལེགས་སོ།། ཤཱ་རིའི་བུ་ཁྱོད་འདི་ལྟར་ཐེག་པ་ཆེན་པོ་ལ་ཡང་དག་པར་བཞུགས
16a8 པ་དང་། ཐེག་པ་ཆེན་པོ་ལ་མངོན་པར་བརྩོན་པ་དང་། ཐེག་པ་ཆེན་པོ་ལ་ལྷག་པར་བྱེད་པ་དག་ལ། ཁྱོད་གཟུངས་ཡུལ་ན་མི་གནས། ཕྱོགས་མི་གནས་པར་སྟོན།