e-texts navigator
Collection
Volume
Page
Wylie

168b1 ཏདྱ་ཐཱ། ཨོཾ་ན་མོ་སཱུ་ཏེ། ཀ་ཊ་ཀ་ཊ་མ་ཊ་མཊ། ད་ར་ད་ར། ད་ཧ་ད་ཧ། གྲི་ཧྣ་གྲི་ཧ་ན། བྷ་ནཾ་བཱན་ཛ། ན་མོ་སྟ་ཏེ། རུ་ཏྲ་བཪྴ་ཡ། ཧ་ཧ།
168b2 ཨ་བྷ་ཏྲི་བིན་དུ་ཀྵི་བྷ། ཙིཏྟ་ར་ན་བྷ། ས་མ་གངྒ་ཏི། ཧ་ཧ་ཡཱ། མ་ཧ་ཧསྟི། ད་ཀྵི་ནཾ། པྲ་ཀོ་པ་ས་སཾ། ཀུ་རུ་ཀུ་རུ། ཙུ་རུ་ཙུ་རུ། ཏུ་རུ་ཏུ་རུ། མུ་རུ་མུ་རུ།
168b3 ན་མོ་ན་མ་སྭཱ་ཧཱ། ཆོ་ག་ནི། ནད་པར་ལངས་ཏེ་ཆུ་ཁྱེར་གང་ལ་སྔགས་ལན་བདུན་བཟླས་ཏེ་སྟེང་དང་འོག་ཏུ་གཏོར་ན། བགེགས་ཐམས་ཅད་བཅིངས་པར་འགྱུར་རོ།།
168b4 གསང་སྔགས་སྒྲུབ་པར་འདོད་པས། སྐུད་པ་དཀར་པོ་ལ་འདུད་པ་ཉི་ཤུ་རྩ་གཅིག་བོར་ཏེ་ལག་པ་ཅིག་བཅིངས་ན། རིགས་སྔགས་འགྲུབ་པར་འགྱུར་རོ།། བགེགས
168b5 ཐམས་ཅད་བཅིངས་པར་འགྱུར་རོ།། གང་ན་ཚོགས་ཀྱི་བདག་པོའི་སྐུ་གཟུགས་སྣང་བ་དེར། སྔགས་འདི་ལན་ཅིག་བཀླགས་ན། ནམ་ཡང་བགེགས་རྣམས་པར
168b6 ཆད་མི་བྱེད་དོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཁོར་དེ་དག་དགའ་ཞིང་ཡིད་རངས་ཏེ།
168b7 བཅོམ་ལྡན་འདས་ཀྱིས་གསུང་པ་ལ་མངོན་པར་བསྟོད་དོ།། འཕགས་པ་བགེགས་སེལ་བའི་མདོ་རྫོགས་སོ།། །། དཀོན་མཆོག་གསུམ་ལ
168b8 ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་འོད་ཀྱིས་རྒྱལ་པོ་ལ་ཕྱག་འཚལ་ལོ།།




iiif viewer powered by OpenSeadragon

168a - 169a

Texts on this page

F581 - 'phags pa rnam par snang mdzad kyi snying po'i gzungs
F580 - 'phags pa bgegs sel ba'i gzungs