| e-texts navigator |
| Wylie |
164b1 བོད་སྐད་དུ། འཕགས་པ་བུ་མང་པོ་སྟོན་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས
164b2 ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཆ་ལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་ཁྱིམ་བདག
164b3 མགོན་མེད་ཟས་སྦྱིན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི
164b4 སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་དེང་འདིར། རྒྱལ་པོ་གསལ་རྒྱལ་དང་། ཐབ་རྩོད་ཚངས་འབྲུ་སྟེ་བཀྱེ་བར་གྱུར་ཏེ། དེ་ལ་བདག་གིས་ཇི་ལྟར
164b5 བསྒྲུབ་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཁྱིམ་བདག
164b6 དེའི་ཕྱིར་ཁྱོད་ཀྱི་བུ་མང་པོ་སྟོན་པ་ཞེས་བྱ་བའི་རིག་སྔགས་འདི་བཟུང་ཞིག། ཆོངས་ཤིག། ལྷོགས་ཤིག། ཀུན་ཆུབ་པར་གྱིས་ཤིག། དེ་གང
164b7 ཞེ་ན།། ཏདྱ་ཐཱ། ད་ཌེ་བད་ཏེ། ཨུ་པ་ད་ཌེ་ད་ཌཾ་གཻ་བྷཻ་རེ། ཨ་བརྷ་ནེ། བི་བརྟ་ནེ། དྷཱ་ཧི་ཧི། ཨ་བརྷ་ནི། མ་མ་སརྦེ་ཤ་ཀྲུད
164b8 ན། ཀརྨི་ཀ་ནན། པྲ་ཏ་ཐི་ཀ་ནན། པྲ་ཏྱ་མོ་ཏྲ་ནན། ཙགྣ་མོ་ཧ་ན་ཀ་རོ་མི། ཤོ་ཏྲ་མོ་ཧ་ན། ནཾ་ཀ་རེ་མ། ཛི་ཧ་གྲ་ཧ་ནི་ཀ་རོ་མཾ། ཛཾ་བྷ་ནན།