e-texts navigator
Collection
Volume
Page
Wylie

15a1 @ཙཾ་ཏེ་ས་པྲ་ཤན་དྷཱཿཏེ། སུ་པྲ་ཏིཥྛི་ཏེ། སུ་ལེ་སུ་མུ་ཁི། དྷརྨེ་ཙཿ། བ་ལེ་ཙ་བ་ལེ། ཨ་ནུ་ཤ་ཨ་བ་ལེ། བུད་དྷ་ཀ་ཤ
15a2 གུ་ན། བུདྡྷ་ཨ་ཀ་ཤ་ནི་ར་གུ་ནི། ཨ་མྲི་ཏ་དུན་དྷུ་བྷི་ས་རེ་སྭཱ་ཧཱ། དགེ་སློང་དག་དད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་འཆི་མེད་རྔ་སྒྲའི་རྒྱལ
15a3 པོ་ཞེས་བྱ་བའི་གཟུངས་འདི། ཇི་སྐད་བསྟན་པ་དེ་བཞིན་དུ་ཁ་ཏོན་བྱེད་པ་དེས། གོས་གཙང་མ་བགོས་ཏེ། ས་ཕྱོགས་གཙང་ཞིང་དྲི་མ་མེད་པར། དེ་བཞིན་གཤེགས་པ
15a4 ཚེ་དཔག་མེད་ལ་མེ་ཏོག་དང་སྤོས་མཆོད་པར་བྱའོ།། བྱང་ཆུབ་ཀྱི་སྙིང་པོ་པདྨའི་གདན་དང་། བྱང་ཆུབ་ཀྱི་ཤིང་དྲུང་ཕུན་སུམ་ཚོགས་པ་ཡང་ཡིད་ལ་བྱའོ།། དེ་ལ་ཡང་འདོད་པ
15a5 བསྐྱེད་པར་བྱ་སྟེ། འདོད་པ་དང་དད་པ་བྱས་ནས། དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ།། དགེ་སློང་དག་དེ་བཞིན་གཤེགས
15a6 བ་ཆེ་དཔག་མེད་ཀྱི་བྱང་ཆུབ་ཀྱི་ཤིང་དྲུང་ནི། རིན་པོ་ཆེའི་བློ་རྣམ་པར་སྣང་བ་ཞེས་བྱ་ལ། ཤིང་དེའི་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པའོ།། པད་མའི་གདན་ནི
15a7 དག་ཅིང་གསལ་ལ་བཟང་ཞིང་བཀྲ་བའི་འོད་ཟེར་ཅན་ཞེས་བྱ་སྟེ། རིན་པོ་ཆེ་དུ་མས་བསྐོར་བ་ལ། དེ་བཞིན་གཤེགས་པ་ཚེ་དཔག་མེད་བཞུགས་སོ།། གཡས་ན་ནི་བྱང་ཆུབ
15a8 སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གོ། གཡོན་ན་ནི་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་པ་སྟེ། བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པས་བསྐོར་ཏོ།།




iiif viewer powered by OpenSeadragon

14b - 15b

Texts on this page

F535 - 'phags pa tshe dang ye shes dpag tu med pa'i snying po zhes bya ba'i gzungs