e-texts navigator
Collection
Volume
Page
Wylie

114b1 ཐམས་ཅད་སེལ། སྡུག་བསྔལ་ཐམས་ཅད་ངེས་པར་འཇོམས། དབང་བྱེད་གསང་སྔགས་དམ་པ་སྟེ། ས་སྟེང་སྡིག་པ་ཐམས་ཅད་སེལ། མ་དམད་འབྲས་བུ
114b2 ངེས་པར་སྨིན། བསྟན་པ་ཡིན་ཏེ་སྡང་བ་འདུལ། ཉེས་པ་བྱས་པ་སེལ་བ་ཡི། གཟུངས་འདི་གང་གི་ཐོས་གྱུར་དེས། སངས་རྒྱས་རྙེད་པར་བཀའ་བ་ཡང
114b3 རིང་པོར་མི་ཐོབ་པར་འགྱུར། སྒྲིབ་པ་ཐམས་ཅད་རབ་ཞི་ཞིང་། ཁྱབ་བདག་ཉོན་མོངས་ཀུན་སེལ་བ། གང་ཞིག་ཉོན་མོངས་ཞི་བྱེད་པའི། གཟུངས་འདི
114b4 འཆང་བར་བྱེད་པ་ཡི། ཀུན་ཏུ་བཟང་པོ་ཉིད་དང་ནི། ལག་ན་རྡོ་རྗེ་ཉིད་ཀྱང་ཐོབ། རིག་སྔགས་འཆང་གི་བདག་པོ་ཡང་། འདི་ཐོས་པས་ནི་ཐོབ་པར་འགྱུར།།
114b5 འཇིག་རྟེན་ཀུན་ལ་ལ་མེ་བ། བཅོམ་ལྡན་རྣམ་པར་སྣང་མཛད་ཀྱང་། དཀྱིལ་འཁོར་དམ་པ་གཏིང་མེད་པ། འདི་ནི་ཇི་སྲིད་མ་གསན་པར། རབ་ཞི་ཉོན་མོངས
114b6 འདུལ་བ་ཡི། རང་འབྱུང་གོ་འཕང་མ་བརྙེས་ཏེ། རྣམ་པར་དག་ཕྱིར་གསན་གྱུར་ནས། གསན་མ་ཟག་ཏུ་རྣམ་པར་དག། དེ་ཕྱིར་ཕུན་སུམ་ཚོགས་པ་དང་།
114b7 ལེགས་པ་འདོད་པས་བརྗོད་པར་བྱ། གཞན་གྱི་མི་ཐུབ་གཟུངས་གསན་ནས། ཐུབ་པ་ཀུན་གྱི་གང་བསྙེས་པ། འཁོར་བ་འདིར་ནི་ནམ་དུ་ཡང་། བདུད
114b8 ཀྱི་ལས་དང་འཁྲུགས་མེད་དང་། མྱ་ངན་མེད་ཅིང་འཐེབ་མེད་པ། གཟུངས་ལ་གནས་པས་ཐོབ་པར་འགྱུར། གནས་ཀྱི་དམ་པ་ཐོབ་ནས་ཀྱང་།།




iiif viewer powered by OpenSeadragon

114a - 115a

Texts on this page

F557 - sangs rgyas bcom ldan 'das kyi mtshan brgya rtsa brgyad pa gzungs sngags dang bcas pa