e-texts navigator
Collection
Volume
Page
Wylie

114a1 རྗེ་ཅན། རྡོ་རྗེ་རལ་གྲི་ཐོགས་པ་དེས། ཅོད་པན་མ་གཡོས་ནང་དུ་ཞུགས། དེ་ནས་འཇིགས་པའི་སྒྲ་སྐད་ཀྱིས། འགེངས
114a2 ཤིང་མིག་ནི་གློག་ལྟར་འགྱུ། རིགས་སྔགས་ཧཱཾ་ཞེས་སྒྲོགས་པ་པོ།། རྡོ་རྗེ་འཇིགས་བྱེད་འཇིགས་པ། བཞིན་མཛེས་འཛུམ་གྱིས་རྣམ་པར་རྒྱན། སྡིག་མེད
114a3 མིག་རྩ་རྒོད་གྱུར་ཅིང་། སྟན་ལས་ལངས་ཏེ་ཕྱག་འཚལ་ནས། ལེགས་པར་མཆོད་བྱས་སྨྲས་པ་ནི། ཀྱེ་མ་སྐྱེ་བའི་ཕྱོགས་འཇོམས་ཤིང་། བསྐལ་པ་དུ
114a4 མའི་དྲི་མ་སེལ། རིག་སྔགས་ཡོན་ཏན་སྒྲུབ་བྱེད་པ། ཐུབ་མཆོག་རྣམས་ཀྱིས་རབ་ཏུ་གསུངས། དེ་གཟིགས་དགེ་བ་དྲི་མ་མཉེས། སངས་རྒྱས་གྲོས
114a5 རྒྱས་པར་གྱུར། བྱང་ཆུབ་སེམས་དཔའ་བློ་གྲོས་ཆེ། བསྐལ་པ་གཅིག་ཏུ་སྤྱོད་པས་ཀྱང་། རྒྱུད་མར་སངས་རྒྱས་ཀུན་འབྱུང་ཞིང་། སྤྱོད་པ་དུ་མ་འབྱུང
114a6 བ་ནི། ཡོན་ཏན་བརྒྱ་ཡི་སྤོས་ལྡན་འདི། ཐོས་པར་སྤྲོ་བར་མི་ནུས་སོ།། ལོངས་སྤྱོད་རྒྱ་མཚོ་ཆེན་པོ་ཅན། བྱང་ཆུབ་སེམས་མཆོག་དཀྱིལ་འཁོར་དུ།
114a7 རྒྱལ་མཆོག་རྣམས་ཀྱི་སྔོན་གསུངས་པའི། ཕྱིར་མི་ལྡོག་པའི་ཆོས་ཆེན་རྣམས། འདི་ཐོས་སངས་རྒྱས་སྤྱོད་པ་ཡིས། སེམས་ཅན་རྣམས་ཀྱི་སྡིག་པ་རྣམས།།
114a8 མ་ལུས་རབ་ཏུ་གསལ་ནས་ནི། བློ་ཆེན་དྲི་མ་མེད་པར་འགྱུར། ཞི་ཞིང་དག་བྱེད་བཀྲ་ཤིས་ལ། རྡུལ་མེད་རྒྱན་དེ་ཞི་བར་བྱེད། དགེ་ཞིང་མྱ་ངན




iiif viewer powered by OpenSeadragon

113b - 114b

Texts on this page

F557 - sangs rgyas bcom ldan 'das kyi mtshan brgya rtsa brgyad pa gzungs sngags dang bcas pa