e-texts navigator
Collection
Volume
Page
Wylie

113b1 ཉི་མ་ཤིན་ཏུ་གསལ་བ་པོ།། འབར་བའི་དཀྱིལ་འཁོར་བརྒྱན་མངའ་བ། དྲེགས་ཤིང་དྲི་མར་རབ་སྤངས་ལ། དྲི་མེད་སྐྱོན་བྲལ་ཆོས་ཀྱི་བློ།། ཁྱབ་བདག་ཆེན་པོ
113b2 སྟོབས་བཅུར་ལྡན། རྡུལ་བྲལ་དཔལ་དང་ལྡན་པ་པོ།། རིན་ཆེན་ས་གཞི་ཆེན་པོ་ལ། ཕོ་བྲང་རྩེ་མོ་རྡོ་རྗེ་རྩེ། རྒྱལ་བའི་སྲས་རྣམ་གནས་གྱུར་པ། ནོར་བུ་དུ་མ་རབ
113b3 འཕྲོ་ཞིང་། འོད་ཟེར་དྲི་མེད་གསལ་བཀོད་པའི། རྡོ་རྗེ་དཀྱིལ་འཁོར་ཕོ་བྲང་ན། ཐུབ་པའི་ལོངས་སྤྱོད་ས་གཞི་ལས། སེང་གེའི་ཁྲི་ཆེན་ཡངས་ལ་བཞུགས།
113b4 ནོར་བུ་དབྱིག་གི་ས་གཞི་དང་། ཁྲི་ཆེན་རབ་སྭ་དེ་ཉིད་ལ། དེ་བཞིན་གཤེགས་པ་དགེས་ཆེན་གྱིས། ཕུན་སུམ་ཚོགས་པ་རྒྱན་བཀོད་པ། ཐུབ་མེད་ནོར་བུའི
113b5 འོད།། ཉི་ཟེར་གནོན་པའི་འོད་ལྡན་པ། བདེ་བླག་ཤིན་ཏུ་བཀྲ་ཤིས་ཚུལ། འོད་གསལ་སྐྱེལ་མོ་ཀྲུང་བཅས་ནས། སྐུ་འོད་འབར་བའི་དཀྱིལ་འཁོར་ཅན།
113b6 འོད་གསལ་རྒྱལ་བས་ཐུབ་དབང་གིས། དྲི་མེད་འོད་ཟེར་སྐྱེ་བ་ནི། མི་གཡོ་རྡོ་རྗེ་ཅན་ཞེས་བྱ། དཀྱིལ་འཁོར་ཆེན་པོར་ཞུགས་པ་ཡིས། རྡོ་རྗེ་ཅན
113b7 དག་རབ་འདུལ་བ། གང་ཡིན་དེ་ཀུན་དག་བྱས་ནས། དཀྱིལ་འཁོར་དྲི་མེད་བསྐོར་བར་བྱེད། ངན་སོང་དྲི་མ་དམ་ཚིག་ཀུན། ལེགས་པར་ཤིན་ཏུ
113b8 དག་བྱས་ནས། སྲིད་གསུམ་དཀྱིལ་འཁོར་རྒྱ་ཆེན་ལ། རྣམ་པ་དུ་མར་འོད་གསལ་བ། འགྲོ་དང་མི་འགྲོ་མ་ལུས་པ། བསྐོར་ནས་བདེ་བ་རྡོ།




iiif viewer powered by OpenSeadragon

113a - 114a

Texts on this page

F557 - sangs rgyas bcom ldan 'das kyi mtshan brgya rtsa brgyad pa gzungs sngags dang bcas pa