| e-texts navigator |
| Wylie |
105b1 སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ།
105b2 བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། འཕགས་པ་རིག་སྔགས་ཀྱི་རྒྱལ་པོ་སྒྲོན་མ་མཆོག་ཅེས་བྱ་བའི་གཟུངས་རྫོགས་སོ།། །
105b3 ན་མོ་རད་ན་ཤི་ཁེ་ནེ། ཏ་ཐཱ་ག་ཏ་ཡ། ཨ་ར་ཧ་ཏེ། སམྱ་ཀ་སཾ་བུདྡྷ་ཡ་། ཏདྱ་ཐཱ། ད་ར་ནེ་ད་ར་ནེ། དར་ཤ་ནི་ཁེ་ནེ་སྭཱ་ཧཱ། འཆི་བའི་ཚེ་གཟུངས་འདི་དྲན་ན། ངན
105b4 སོང་ཀུན་ལས་རྣམ་པར་གྲོལ་བར་འགྱུར་རོ།། ཤི་འཕོས་ནས་ཀྱང་སུམ་བཅུ་རྩ་གསུམ་གྱི་ལྷར་སྐྱེའོ།། སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ན་གྱི་མཚན་རྗེས་སུ་དྲན་པ
105b5 རྫོགས་སོ།། ། རྒྱ་གར་སྐད་དུ། པྲ་ཏྱཾ་གི་ར་ན་མ་དྷ་ར་ནི། བོད་སྐད་དུ། ཕྱིར་ལྡོག་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་།
105b6 བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ།
105b7 མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་དང་། བྱང་ཆུབ་སེམས་དཔའ་བྱ་བ་ཕྲག་དུ་མས་བསྐོར་ནས་བཞུགས་སོ།། དེའི་ཚེ་ཡངས་པ་ཅན
105b8 གྱི་གྲོང་ཁྱེར་དུ། དགེ་སློང་ལེགས་པའི་བློ་གྲོས་ཤེས་བྱ་བ་ཞིག་མུ་སྟེགས་ཅན་དང་རྩོད་པ་བྱས་པ་ལས། དགེ་སློང་དེ་རྩོད་པ་རྒྱལ་བར་གྱུར་པ་དང་། མུ་སྟེགས