| e-texts navigator |
| Wylie |
105a1 རུང་བ་དང་།། གནོད་སྦྱིན་སྲིན་པོ་གྲུལ་བུཔ་དག། ནམ་ཀྱང་བར་ཆད་མི་བྱེད་དོ།། གཟུངས་སྔགས་འདི་ནི་བྱེད་པའི།།
105a2 བ་མ་དང་ནི་བྲ་ནུ་དང་།། སྲིན་མོ་མཛའ་བཤེས་གཉེན་དག་ཀྱང་།། ལོག་པར་ལྟུང་བར་མི་འགྱུར་རོ།། དེ་ཕྱིར་གཟུངས་སྔགས་མདོ་སྡེ་འདི།། འཇིགས་མེད་གང་མེད
105a3 གང་གི་ཐོས་གྱུར་ནས།། གཟུངས་སྔགས་འདི་བརྗོད་པར་བྱེད་པ་དེས།། ནམ་ཀྱང་འཇིགས་པར་མི་བྱའོ།། གཟུངས་སྔགས་འདི་བརྗོད་བྱེད་དེ་ཡི།། བསྐལ་པ་བྱེ
105a4 བ་སྟོང་རྣམས་སུ།། གཟངས་སྔགས་འདི་བརྗོད་པར་བྱེད་པ་དེས། ནམ་ཀྱང་འཇིགས་པར་མ་བྱའོ།། གཟུངས་སྔགས་འདི་བརྗོད་བྱེད་ད་ཡེ། སྒྲིབ་པའི་ལས་ནི་གང
105a5 བྱས་པ།། ཞག་བདུན་གྱི་ནི་བྱང་བར་འགྱུར།། བྱང་ཆུབ་སེམས་དཔའི་བསོད་ནམས་གང་།། བསྐལ་པ་བྱེ་བ་བསྒྲུབ་པ་ཀུན།། གཟུངས་སྔགས་འདི་འཛིན་བྱེད
105a6 པ་དེས།། ཞག་བདུན་གྱིས་ནི་ཟིལ་གྱི་ནོན།། ཕྱོགས་བཞི་འཇིག་རྟེན་སྐྱོང་བ་ཡིས།། རྒྱལ་པོ་ཆེན་པོ་བཞི་པོ་དག། ལུས་ངན་དང་ནི་ཡུལ་འཁོར་བསྲུངས། མིག
105a7 མི་བཟང་དང་འཕགས་སྐྱེས་པོ།། ཁ་དོག་ལྡན་ཞིང་གྲགས་ལྡན་པ།། གཟུངས་སྔགས་འདི་ནི་བརྗོད་བྱེད་པ།། དེ་ལ་རྟག་ཏུ་བཟུང་བར་བྱེད།། བཅོམ་ལྡན་འདས
105a8 ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བ་དང་། ཉན་ཐོས་ཆེན་པོ་དེ་དག་དང་། འཕགས་པ་འཇམ་དཔལ་ལ་སོགས་པ་བྱང་ཆུབ