| e-texts navigator |
| Wylie |
336a1 གང་མཁཐུགས་རྗེས་བདག་ཉིད་འགྲོ་དོན་མ་ལུས་མཛད།། བདུད་བཞི་འཇོམ་དེ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་ལ
336a2 ལྗང་ལོ་ཅན་གྱི་ཕོ་བྲང་། རྒྱལ་པོ་རྣམ་ཐོས་ཀྱི་བུའི་གནས་ན་བཞུགས་ཏེ། གྲངས་མེད་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ན་མཁའ་ལྡིང་དང་། མི་ལ
336a3 ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་མཐུ་པོ་ཆེ་དང་། ལྷ་ཆེན་པོ་དང་། ནོར་བུ་བཟང་པོ་དང་། དེ་ཤར་དང་། གང་བ་བཟང་པོ་དང་། སྟོབས
336a4 ཀྱི་ལྷ་དང་། སྟོབས་པོ་ཆེའི་སྟོབས་དང་། དགའ་བའི་དབང་པོ་དང་། ནག་པོ་ཆེན་པོ་དང་། མ་མེའི་ཚོགས་དང་། གསང་བ་ལ་གནས་པ་དང་། གྲུ་བཞིའི་རི་ལ་གནས་པ་དང་། འབྲོག
336a5 གནས་དང་། རྣམ་པར་འཇིགས་བྱེད་དང་། རིན་ཆེན་གསང་བ་དང་། རབ་གནས་གསང་བ་དང་། མཐའ་ཡས་གསང་བ་དང་། རབ་མཆོག་ཆེ་བ་དང་། མཆེ་བ་འཁྱིལ་བ་དང་། མ
336a6 བརྣོ་བ་དང་། རྔ་མོའི་རྐང་པ་ཅན་དང་། བ་གླང་གི་མགོ་ཅན་དང་། རྒྱལ་བའི་དྲང་སྲོང་དང་། ཨ་དྷ་བ་ག་དང་། རབ་ཏུ་འཇོམས་པ་དང་། འོད་བྱེད་དང་། རབ་ཏུ་གཟི་བརྗིད་ལྡན་པ་དང་།
336a7 ཤིན་དུ་འོད་དང་། ཡང་དག་ཤེས་དང་། མིག་བཟང་དང་། རྟོགས་འདོད་དང་། གསེར་གྱི་ཡུ་བ་ཅན་དང་། གསེར་གྱིས་ཅན་དང་། རྣམ་པར་འཁྱིལ་པ་དང་། རྣམ་པར་རྒྱལ་བ་དང་།