e-texts navigator
Collection
Volume
Page
Wylie

335b1 སྐར་མས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ།། དྲི་ལན་གྱིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ།། ནག་མོས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ།། གཉེན་གྱིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ།།
335b2 ཚངས་པས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ།། དྲག་པོས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ།། ཁྱབ་འཇུག་གིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ།། གཞོན་ནུས་ཕྱག་བྱས་པ་ལ་ཕྱག་འཚལོ།།
335b3 འཁོར་ཉི་མ་དང་ཟླ་བས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ།། བྲམ་ཟེས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ།། སྔོན་གྱི་དྲང་སྲོང་གྱིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ།། རླུང་ལྷས་ཕྱག་བྱས་པ
335b4 ལ་ཕྱག་འཚལོ།། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཕོ་ཉ་མོའི་ཚོགས་ཀྱིས་དཀྱིལ་འཁོར་དང་བཅས་པ་མི་སྣང་བར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ན།
335b5 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང་། ཚངས་པ་དང་།།
335b6 རྒྱ་གར་སྐད་དུ། མ་ཧཱ་ཡཀྵ་སེ་ན་ཏེ་ཀ་པར་ཀ་ལ་པ། བོད་སྐད་དུ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གར་མཁན་མཆོག་གི་བརྟག་པ། སངས་རྒྱས་དང་བྱང
335b7 ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། གནོད་སྦྱིན་བདག་པོ་ཉི་མ་འབུམ་གྱི་གཟི།། འོད་ཟེར་དཔག་མེད་སྡང་བ་འདུལ་མཛད་ཅིང་།




iiif viewer powered by OpenSeadragon

335a - 336a

Texts on this page

F531 - 'phags pa rig pa mchog gi rgyud chen po
F532 - gnod sbyin gyi sde dpon chen po gar mkhan mchog gi brtag pa