| e-texts navigator |
| Wylie |
79b1 ལྷ་དང་བླ་མའི་བསྙེན་བཀུར་དང་།། དབང་བསྐུར་ལུང་ནོད་སྤྲོ་བ་དང་།། སེར་སྣ་མེད་དེ་གཏོང་ལ་དགའ།། གསད་ལ་དགའ་ཞིང་མི་ཡངས་དང་།། གཟི་བརྗིད་དབང་ཆེའི་ལུས་ཐོབ
79b2 ནས།། གྲོགས་ཀུན་བློ་ལྡན་བརྒྱད་པོར་ལྟ།། བཀུར་བ་མེད་ཅིང་བདེན་པར་སྨྲ།། བག་ཡོད་ཚུལ་ཆོས་སྤོངས་པ་སྟེ།། བརྒྱད་པོ་དེ་ཡང་སྔགས་བསྒྲུབ་རྒྱུ།། རྒྱུ་མེད་འབྲས་བུ་ག་ལ
79b3 སྲིད།། གང་ཞིག་ལྕགས་ཀྱུས་བཟུང་བས་ཉར་ནས།། ཀླུ་ཕྱུགས་འབུམ་ཕྲག་འདྲེན་ལྟར་དགེ་བའི་སེམས།། ཀུན་སློང་བྱང་ཆུབ་རིན་ཆེན་ཐོབ་མཛད་རྒྱུ།། རྟག་པར་འཆད་ན་གན།
79b4 བསྒྱུར་བྱེད་པར་འགྱུར།། དེ་ནས་བཅོམ་ལྡན་ཐུབ་པ་ཆེ།། ལྡན་རྣམས་ལ་བཀའ་སྩལ་པ།། ལེགས་སོ་ལེགས་སོ་སེམས་དཔའ་ཆེ།། དགའ་དང་དེ་དག་དེ་བཞིན་དུ།། བདེ
79b5 འདོད་རྣམས་པར་གཡེང་པ་དང་།། དེས་ནི་སྡུག་བལྔལ་མྱ་ངན་འདས།། གདུང་བ་ཆགས་ལྡད་འཁྲུག་པ་དང་།། དེས་ནི་ལོག་སྤོང་དག་ཀྱང་སྤང་།། དགེ་སྦྱོངས་ལྟས་ཚངས་པའི
79b6 དོན།། སྔགས་ལོག་སྤྲོད་བྱེད་རིག་འཛིན་གདོན།། གདལ་དགའ་དག་ལ་རྒྱན་རིངས་སོ།། སྐེ་ངན་འཇིགས་ཕྱིར་བློ་ཟབ་སྤྲད།། གང་གི་ཁྱིམ་དུ་རྒྱད་འདི་ཡོད།། འདྲི་དང་ཀློག་དང་མཆོད
79b7 པ་དང་།། རིམ་འགྲོ་ཆེད་དུ་གསལ་བྱེད་ལ།། བཀྲ་ཤིས་ཚེ་རིང་དཔལ་འབྱོར་བསྐྱེད།། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་།།
79b8 ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚོགས་དེ་དག་རིག་པའི་ལྷ་མོ་དང་།།