| e-texts navigator |
| Wylie |
79a1 ། དངོས་རྣམས་སྤྲོས་དང་སྔ་སྤྱོད་པ། རིགས་འཛིན་ཕྱག་རྒྱ་ཆེན་པོས་སྟེ། བདེར་གཤེགས་ཆོས་སྐུ་ཀུན་ཏུ་འོད། བདེར་གཤེགས་ཀུན་སྣང་བད
79a2 མེའི་སྤྱན།། ཡི་གེ་འཁོར་ལོ་སྦྲུལ་ཚོགས་ཆེ། མཚོན་ཆ་མཚོན་ཉིད་རྡོ་རྗེ་འཛིན།། ཟག་མེད་ཡེ་ཤེས་བླ་བ་ཡིས།། འདུ་འབྲལ་མེདེ་བའི་བདེ་ཆེན་པོ།། དེ་ལྟར་དྲུག་གི་སངས་རྒྱས་ཀྱི།།
79a3 ས་ཆེན་བླ་མེད་མཐར་གནས་སོ།། ངོ་བོ་སྤྲོས་མེད་ཆོས་སེམས་པ།། གསང་སྔགས་དོན་གྲག་རྒྱུ་གཅིག་པོ།། སེམས་ཅན་སེམས་སྙོམས་བྱང་སེམས་འཛིན།། ངེས་པར་འགྲུབ་པའི
79a4 རྒྱུ་གཉིས་སོ།། སེམས་ཅན་མི་གཏོང་ཚུལ་ཁྲིམས་སྲུང་།། སྔགས་དོན་མི་སྤོངས་ཉིད་དང་གསུམ།། རང་གི་སྔགས་བསྒྲུབ་གཞན་གྱི་སྔགས།། བར་མི་གཅོད་དེ་འགྲོ་བ་ལ།
79a5 བྱམས་པ་བསྒྲུབས་དང་སྙིང་རྗེ་བསྒྲུབས། བསྒྲུབ་པར་བྱེད་པའི་རྒྱུ་བཞིའོ།། དབྱེན་པ་རྟེན་ནས་འདུ་འཛི་སྤོངས།། ཐོས་པ་བསམ་ཞིང་དེ་དོན་སྤྱོད།། ཕྱི་རོལ་སྔགས་སྤོང་ཞེས་སྡང
79a6 སྦྱར།། དེ་དག་སྔགས་བསྒྲུབ་རྒྱུ་ལྔའོ།། དེད་དཔེ་འདུན་པ་གསོལ་པ་དང་།། ཕྱི་ནང་སྔགས་ལ་སྨོད་པ་དང་། སྤྲོས་མེད་སྟོན་པའི་གཞུང་འཇུག་དང་།། ཐེག་པ་མདོ་གཞུང་འཛིན་པ་དང་།
79a7 སྔགས་གཞུང་ཚོལ་ལ་མི་ཀྱེ་དང་། དགེ་སྦྱོང་བརྩོན་ཏེ་དྲུག་པའོ།། བཟླས་དང་སྦྱིན་སྲེག་མཆོད་གཏོར་བརྩོན།། ཕྱི་རོལ་དགའ་ཐུབ་གདུང་མེད་དང་།། སྣོད་བཅུད་འོག་མིན་གནས
79a8 ལྷ་དང་།། བུ་མོ་ཕ་རོལ་ཕྱིན་ཡུལ་ལྟ།། འགྲོ་བ་མི་བསླུ་ཆོས་མི་བྱེད།། ཐེག་དཔན་མི་ལེན་པ་དང་འདུད།། ཉན་ཐོས་རང་རྒྱལ་བློ་ལྡན་དང་།། རིགས་འཛིན་རྫུ་འཕྲུལ་ཐེ་ཚོམ་མེད།།