e-texts navigator
Collection
Volume
Page
Wylie

78b1 ཁ་རྣམས་པར་འཁོད།། དེ་ཚེ་ཕྱོགས་བཅུ་རྣམ་པར་གཡོས།། བདུད་རིགས་ཐམས་ཅད་མགོ་པོར་འགྱུར།། དེ་ནས་གཟུངས་ཀྱི་དབང་ཕྱུག་གིས། བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ། རྣོ།།
78b2 པའི་ཡེ་ཤེས་ངོ་བོ་ཉིད།། སའི་མཚན་ཉིད་འདི་གསུངས་སོ།། ཀུན་ཏུ་བཟང་པོའི་སྤོད་ཚུལ་ཅན།། དཀར་ལམ་བཅུ་ལ་རྣམ་པར་སྤྲོ།། སེམས་ལམ་སུ་ནི་འདོད་སྦྱོར་བ།། རིགས་ནི་རིགས་ཆེན
78b3 ཐམས་ཅད་པའོ།། ལུས་ངག་ཡིད་བཅུ་སྤྱོད་བཅུ་ནི།། རྒྱུན་མི་ཆད་དུ་སྦྱོར་མོད་ཀྱང་།། རགས་པ་ལྷའི་གཟུགས་བརྟེན་མཐུས།། སྔགས་སྦྱོར་གསང་སྔགས་འཛིན་པ་ཡི།། ལྷ་ལ་གོམས།
78b4 པ་ལྷ་མཐོང་ངམ།། མངོན་ཤེས་དང་པོ་སེམས་གསལ་བས།། མཁའ་མཉམ་སེམས་ནི་རྫུ་འཕྲལ་ཆེ།། སེམས་སྣང་རིག་སྔགས་འཛིན་པའི་ས།། མཚན་མ་ཕྲ་བ་ལ་གོམས་པས།།
78b5 མངོན་ཤེས་འཇིག་རྟེན་གསལ་མཐོ་ས།། འཇིག་རྟེན་འདས་པའི་སྙིང་པོ་སྟེ།། བརྟེན་པའི་ཡེ་ཤེས་ལས་བྱུང་བའོ།། དམ་ཚིག་སྡོམ་ལ་མཁའ་མཉམ་སྤོད།། སེམས་དང་སེམས་དཔའ
78b6 དབྱེར་མེད་དང་།། སྣོད་བཅུད་ལོག་པ་བྲལ་བ་དང་།། ཞི་ལམ་སྒོ་བཀུར་ཆད་པ་དང་།། སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ།། བཞི་བཞི་ལྷུན་གྱིས་གྲུབ་པ་དང་།། རྟེན་འབྲེལ་ཟབ་དོན་མངོན།།
78b7 མྱུར་བ། འཇིག་རྟེན་འདས་པའི་རིགས་མཆོག་ས།། མཚན་མེད་ཏིང་འཛིན་ལ་གནས་ནས། རྩོ་ལ་བཅས་གཞན་དོན་བསྒྲུབ་པ་དང་། རྩོལ་མེད་སྔགས་ཀྱིས་བདེ་འབྱུང་དང་། དེས
78b8 ཚིག་ཆོས་དོད་སྤྲོས་པའི་མཐའ། རྡུལ་འཕྲུལ་དམ་སྤྱོད་ཡུལ་བ།། རིགས་ཆེན་ཡོངསུ་གྲུབ་པའི་ས།། མཁས་སྤྱོད་ཕུན་སུམ་ཚོགས་ལྡན་ཞིང་། སེམས་ཀྱིས་སྣང་བ་དུ་མར་བརྒྱུར།




iiif viewer powered by OpenSeadragon

78a - 79a

Texts on this page

F499 - 'phags pa spyan ras gzigs dbang phyug gi rtsa ba'i rgyud kyi rgyal po pad ma dra ba zhes bya ba