e-texts navigator
Collection
Volume
Page
Wylie

235b1 པྲ་ཏི་ཧ་ད་པྲ་མ་དྷ་ནི་སྭཱ་ཧཱ།། ། གང་གསང་སྔགས་འདི་རྗེས་སུ་དྲན་ནམ། ཀློག་གམ། བསྒོམ་མ། འཛིན་པ་དེ་ཐོས་ན། ངན་འགྲོ་ལོག་པར་ལྟུང་བར་འགྲོ།
235b2 བར་མི་འགྱུརརོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ།། དམ་ཚིག་དང་། ཕྱག་རྒྱ་ལ་ཞུགས་པར་འགྱུར་རོ།།
235b3 བསམ་པ་དང་རྗེསུ་ཡིད་རང་བས་དགུག་པར་བྱེདདོ།། དུག་དང་གསང་སྔགས་དང་། མདུད་པ་དང་། རྡེག་པ་དང་། འཆིང་བའི་འཇིགས་པ་ལ་སོགས་པ་རྣམ་པར་སྐྲག
235b4 པར་བྱེད་དོ།། དེ་ནས་ལྷ་དང་ལྷའི་བུ་དེ་དག་གིས། དེ་མཐུས་བཅོམ་ལྡན་འདས་རྡོ་རྗེ་འཆང་དེའི་རྣམ་པར་རོལ་པ་དང་། བཅོམ་ལྡན་འདས་ཀྱིས་གསུངས་པ་རྣམ་པ་མང
235b5 པོ་དུ་མ་ཡང་མྱོང་ནས་སྟེང་གི་གནས་གཙང་མ་དང་། འོག་མིན་གྱི་ལྷ་དང་། འཇིག་རྟེན་གྱི་ཁམས་གཞན་ན་གནས་པ་དག་གིས་འོད་དང་ལྡན་པའི་མེ་རྟོག་དང་བདུག་པའི
235b6 པའི་སྤྲིན་དང་། རིན་ཆེ་མང་པོའི་ཆར་རྒྱ་ཆེན་པོས་མཆོད་ནས་སྟོད་དོ་སྙམ་པས་བསྟོད་དོ།། སྙན་ཞིང་ཟབ་ལ་རྔ་སྒྲ་ལྟ་བུ་དང་། བསིལ་བ་དང་། བསོད་ནམས་ཀྱི
235b7 ཚིག་སུ་བཅད་པ་དག་ཀྱང་སྨྲསོ།། བཅོམ་ལྡན་འདས་ཀྱི་དེ་སྐད་ཅེས་བཀའ་བསྩལ་ནས། དགེ་སློང་དེ་དག་དང་བྱ་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན
235b8 པའི་འཁོར་དེ་དག་ཡིད་རང་སྟེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་རྡོ་རྗེ་མི་འཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས




iiif viewer powered by OpenSeadragon

235a - 236a

Texts on this page

F520 - 'phags pa rdo rje mi pham pa me ltar rab tu rmongs byed ces bya ba'i gzungs