e-texts navigator
Collection
Volume
Page
Wylie

234b1 འོད་དེ་རབ་ཏུ་དགའ་ཏེ། རྡོ་རྗེ་ལས་སྣང་བ་བཀྱེ་བ་རྣམས་ཀྱིས་གསུམ་གྱི་སྟོད་ཀྱི་སྐར་མ་དང་། ཟླ་བའི་འོད་ཟིལ་དུ་བརླག་པར་བྱས་ནས། སྣང་བ་གཅིག་པུར་བྱེད
234b2 ཅིང་། རྒྱ་མཚོ་ཆེན་པོ་ནི་སྐྱེ་མས། རིའི་རྒྱལ་པོ་རི་རབ་ནི་གཡོ་བར་བྱེད། གློག་གི་འཁོར་ལོ་དང་། ལྕེ་འབེབས་པའི་འབྲུག་ནི་བསྒྲགས། སྒྲ་གྲག་པོ་ནི་བྱུང་། སྒྱིངས
234b3 སྒྲ་ནི་བསྒྲགས། སྐྲག་པར་ནི་བྱས་སོ།། དེ་ནས་རྡོ་རྗེ་མི་འཕམས་པ་མེ་ལྷར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས་མེ་ལྕེ་འོད་འཕྲོ་ཆེན་པོ་ཁོང་དུ་འདུག་པ། སྒྲ
234b4 ཚོགས་གསེར་དང་རིན་པོ་ཆེ་འདྲ་བ། རྡོ་རྗེ་འཆང་བ་རྡོ་རྗེའི་བུ་མོ་ཞེས་བྱ་བའི་བཅོམ་ལྡན་འདས་མ་དེས་ལན་གསུམ་བསྐོར་བ་བྱས་ནས། ཡིད་པས་ཆེས་མགྱོགས་པའི
234b5 ཤུགས་འོད་འཕྲོ་ཞིང་འབར་བ་ལྟ་བུར་གྲགས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྫུ་འཕྲུལ་ཆེན་པོ་ལ་སྐྱབསུ་སོང་ངོ་།། དེར་འོངས་པ་དང་། འབགས།
234b6 པ་རྡོ་རྗེ་འཆང་གིས་སྨྲས་སོ།། བསྐལ་བ་ཆེན་མོ་དགེ་མ། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སེམས་དང་ལྡན་པ། འདི་དག་ལ་ལག་ཆ་དང་། འདུན་པར
234b7 བྱ་བའི་སྟོབས་བྱིན་ཅིག། དེས་ནི་གཟུངས་ཀྱིས་སྨྲས་པ། ཇི་སྐད་བཀའ་བཀའ་བསྩལ་བ་དེ་བཞིན་དུ་བགྱིའོ།། ཞེས་ལན་གསུམ་ཚིག་ཏུ་སྨྲ་སོ།། ཐོར་ཚུགས
234b8 གསུམ་མ། ས་གསུམ་དང་། དུས་གསུམ་དང་། དྲག་པོ་རྩེ་གསུམ་དང་། ཁྱབ་འཇུག་གི་འཁོར་ལོ་དང་། གཤིན་རྗེའི་བེ་ཅོན་དང་། ལུས་ངན་གྱི་དབྱུག་ཏོ།།




iiif viewer powered by OpenSeadragon

234a - 235a

Texts on this page

F520 - 'phags pa rdo rje mi pham pa me ltar rab tu rmongs byed ces bya ba'i gzungs