e-texts navigator
Collection
Volume
Page
Wylie

234a1 འདུལ་བ་སྟེ། དེ་ལྟར་དེ་ལས་བྱུང་བའི་བཅོམ་ལྡན་འདས་ཁྲོ་བོ་དྲག་པོ་རྣམས་རྨོངས་པར་བྱེད། སྒྱུ་དང་ལྡན་པ་རྣམས་རྨུགས་པར
234a2 བྱེད། སྡང་བ་རྣམས་བསྐྱོད་པ། རྨོངས་པ་རྣམས་འཇིགས་པ། དམ་པོ་རྣམས་ཅ་ནས་འདོན་པ། རྒྱས་པ་རྣམས་བུར་མ་ཀློག་པ། ཡོན་པོ་རྣམས་སྲོང་བ། གཅད
234a3 པ་རྣམས་སྙིང་རྗེས་འབྱེད་པ། འབྱུང་པོ་རྣམས་སྐྲག་པར་བྱེད་པ། སྲིན་པོ་རྣམས་སྡང་བར་བྱེད་པ། རང་གིས་གསང་སྔགས་རྣམས་རྫོགས་པར་བྱེད་པ། གཞན་གྱི
234a4 གསང་སྔགས་རྣམས་ཕུར་བུས་འབེབས་པ། ནུབ་པ་རྣམས་སྟོན་པར་བྱེད་པ། གཅོད་པར་བྱེད་པ། གསོད་པ། གནོད་པར་བྱེད་པ་ཕུང་བར་བྱེད་པ། དེ་དེར་སོང་ནས་ལྦ
234a5 རྣམས་དང་། ལྷའི་བུ་རྣམས་དབང་དུ་བྱེད།། དེ་ལྟར་དྲག་པོ་བ་དྲག་པ་གྲུབ་པ་དང་། ཁྱབ་འཇུག་པ། ཁྱབ་འཇུག་པ་གྲུབ་པ་དང་། མ་ཚངས་ཚངས་པ་གྲུབ་པ་དང་།
234a6 ལྷ་མ་ཡིན་པ་ལྷ་མ་ཡིན་པ་གྲུབ་པ་དང་། དེ་དག་ཕྱིར་བསྐུལ་ཞིང་དཀྱིལ་འཁོར་དུ་འཇུག། བསྐྱོད་པར་བྱེད། མཐུ་སྟོན་པར་བྱེད་བརྗོད་པར་བྱེད། རྣམ་པར་བསྐྲག་པར
234a7 བྱེད་དོ།། སྟོབས་བཅུ་དགོངས་པ་བཀའ་བསྩལ་བའི་རྡོ་རྗེ་འཆང་གིས་རྡོ་རྗེ་མི་འཕམས་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས་གཟུང་བ་དང་། གཟུངས་འདིའི
234a8 སྟོབས་དང་། བདེན་པའི་བྱིན་གྱིས་བརླབས་ཀྱིས་འོད་ཀྱི་འོད་ཟེར་གྱི་དཀྱིལ་འཁོར་ཆེན་པོ་ལས་འབྱུང་པོ་འོད་ཟེར་རྣམས་ཀྱིས་རྡོ་རྗེ་དང་བཅས་པའི་ལག་ན་རྡོ་རྗེ་བསྐུལ་ནས




iiif viewer powered by OpenSeadragon

233b - 234b

Texts on this page

F520 - 'phags pa rdo rje mi pham pa me ltar rab tu rmongs byed ces bya ba'i gzungs