e-texts navigator
Collection
Volume
Page
Wylie

233b1 སྟན་ལས་ལངས་ཏེ་ལྷ་དང་། ལྷ་མ་ཡིན་དང་། རླུང་ལྷ་དང་། ན་མཁའ་ལྡིང་དང་། འབྱུང་པོའི་ཚོ་གས་ཀྱི་ནང་དུ་སོང་ནས་རྗེས་སུ་སྟོན་ཅིང་། རྡོ་རྗེ་མཚོན་ཆའི་སྒྲོན་མ
233b2 ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྫུ་འཕྲུལ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམསུ། མེ་ལྕེ་འབར་བའི་འོད་འཕྲོ་བ་དང་། མེ
233b3 སྟག་རྣམས་པར་འཕྲོ་བ་དང་། ལྕེ་འབེབས་པའི་གྲོགས་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་རྣམ་པར་གཟིར་ཏེ། དེ་ནས་བསྐལ་པ་ཆེན་པོ་ལྷར་རྨི་ལམ་དང་། ཆུ་དང
233b4 གང་གའི་ཀླུང་གི་བྱེ་མའི་གྲངས་ཀྱི་ཚད་ཙམ་དག་གིས་འདས་པ་དང་། གཟི་བརྗིད་དང་། ཚངས་པར་སྤྱོད་པ་དང་། གཙང་བ་དང་། བཟོད་པ་དང་། ཚུལ་ཁྲིམས
233b5 དང་། བརྟུལ་ཞགས་དང་། དཀའ་ཐུབ་དང་། རང་གི་ལོང་སྤོད་ཐམས་ཅད་ལས་བྱུང་བ་ལས་གྲུབ་པའི་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེའི་ལག་ཏུ་བྱིན
233b6 ཏོ།། དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་རབ་ཀྱི་ཆོས་སྟོན་པར་གྱུར་པ་དང་། དགྲ་བཅོམ་པ་རྣམས་ཀྱི་ཆོས་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན
233b7 བྱེད་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་དང་བཟོད་པ་དང་། སྙིང་རྗེ་བྱེད་པ་རང་གི་རྡོ་རྗེ་དང་། རིགས་ཀྱི་རིག་པ་དང་། དཀྱིལ
233b8 འཁོར་དང་། གླེགས་པའི་ཚུལ་དུ་གྱུར་པ། དྲག་པོ་དང་། དབང་པོ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་དང་། རླུང་ལྷ་དང་། ན་མཁའ་ལྡིང་གདུལ་བཀའ་བ་རྣམ




iiif viewer powered by OpenSeadragon

233a - 234a

Texts on this page

F520 - 'phags pa rdo rje mi pham pa me ltar rab tu rmongs byed ces bya ba'i gzungs