e-texts navigator
Collection
Volume
Page
Wylie

233a1 @འཁོར་ལོ་རྡོ་རྗེ་ལ་སོགས་པ་དང་། རྡོ་རྗེའི་དམག་དཔོན་ཆེན་པོ་རྣམས། དམག་སྐྱོང་རྣམས་དང་། རྡོ་རྗེ་རིག་པའི་རྒྱལ་པོ་རྣམ་ཡང་དག
233a2 བ་དང་། ཡང་དག་པ་མ་ཡིན་པ་ཡང་དག་པར་རྟོགས་པ་རྣམས་དང་། རྡོ་རྗེའི་ཡུམ་རྣམས་དང་། རྡོ་རྗེ་རྣམ་པར་འདྲེས་རྣམས་དང་། ལྷན་ཅིག་ཏུ་རྡོ་རྗེ
233a3 གཞོནའི་གདོན་རྣམས་དང་། རྡོ་རྗེ་གནོན་པོ་རྣམས་དང་། རྡོ་རྗེ་མི་ཕམ་པར་བྱེད་པ་རྣམས་དང་ཡང་དག་པར་བསྐུལ་རྣམས་པར་སྐུལ་ཞིང་། འཁོར་གྱི་འཁྱམ
233a4 ཆེན་པོར་འདུས་པ་ཐམས་ཅད་ལ་ཀུན་ཏུ་སྣང་བར་བྱེད། རྣམ་པར་སྣང་བར་བྱེད། གསལ་བར་བྱེད། རྣམ་པར་གསལ་བར་བྱེད། རབ་ཏུ་དགའ་བར་བྱེད། ཡང
233a5 དག་པར་བསྐུལ་བར་བྱེད། སོ་སོར་བསྐུལ་ཞིང་བཅོམ་ལྡན་འདས་ག་ལ་བ་དེར་སོ་སྟེ། བླ་གོས་བུད་ནས་ཁབས་ལ་ཅོད་པར་གྱིས་གཏུགས་ཏེ། ལན་གསུམ
233a6 བསྐོར་བ་བྱས་ནས་ཐལ་མོ་སྦྱར་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྗེསུ་ཡིད་རངས་པ་མཛད་དེ། རྡོ་རྗེ་འཆང་ཁྱོད་སོང་ལ་ལྷ་རྣམ
233a7 དང་། ལྷའི་བུ་རྣམས་དང་། ལྷ་མ་ཡིན་རྣམས་དང་། ལྷ་མ་ཡིན་གྱི་བུ་རྣམས་དང་། རླུང་ལྷ་རྣམས་དང་། རླུང་ལྷའི་བུ་རྣམས་དང་། ན་མཁའ་ལྡིང་རྣམས་དང་།།
233a8 ན་མཁའ་ལྡིང་གི་བུ་རྣམས་ནས་འདུས་པ་ཆེན་པོའི་བར་དག་སྒྲ་འབྱིན་ཅིང་། ཉམས་ཐག་པ་མྱོང་བ་རྣམས་ཀྱི་བསམ་པ་རྫོགས་པར་གྱིས་ཤིག། དེ་ནས་རྡོ་རྗེ་འཆང




iiif viewer powered by OpenSeadragon

232b - 233b

Texts on this page

F520 - 'phags pa rdo rje mi pham pa me ltar rab tu rmongs byed ces bya ba'i gzungs