| e-texts navigator |
| Wylie |
232b1 བ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་སྒྲ་དེ་གསན་ནས་འདི་སྐད་ཅེས་བཀའ་བསྩལ་ཏོ།། ཀྱེ་གཞིན་བཟངས་དག་ཅིའི་ཕྱིར་ཀུ་ཙོ་དང་།
232b2 འཇིགས་པ་དང་། ཉམས་ཐགས་པ་དང་། འཁྲུག་པའི་སྒོ་འབྱིན། དེ་དག་གིས་གསོལ་བ། བཅོམ་ལྡན་འདས་བདག་གི་ན་དབང་དུ་བགྱིས་ཏེ། གནོད་པ་དང་།
232b3 དྲང་བས་བཀུག་ཅིང་དྲང་ཏེ་ཐོ་བརྩམས་ན། བཅོམ་ལྡན་འདས་བསྐྱབ་དུ་གསོལ། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་སྔ་ཀྱིས་ཐམས་ཅད་ཀྱི་སྟེང་གི་དཀྱིལ་འཁོར
232b4 ཡང་པ་སྟོན་པ་མཆོག་གིས་བློ་གྲོས་དང་། ལས་ཀྱི་མཐའ་དང་ལྡན་པ། ས་ཆེན་པོ་ལས་གཞན་ཐོབ་པ། རྒྱལ་ཚབ་དུ་ཉེ་བ་སྟེ། ཆོས་ཀྱི་རྒྱལ་སྲིད་ལ་དབང་སྐུར
232b5 བའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྗེས་དགོངས་པ་མཛད་པ་ཙམ་གྱིས་འོངས་ཏེ། རྡོ་རྗེའི་ཟོམ་ལྷར་དཔུང་མགོ་ཡངས་པ། རྡོ་རྗེ་ལྷར་མཁྲེལ་པའི་ཅོད་པན་འོད
232b6 ཟེར་འཚོ་བ་ཅན། རྡོ་རྗེའི་དཔུང་རྒྱན་དང་ལྡན་པ། ལུས་མཁྲེགས་ཤིང་བྲལ་བ། ལག་ན་རྡོ་རྗེ་དང་། ཞགས་པ་དང་། ལག་ཆ་བརྟན་པོ་འབར་བ་ཐོགས་ཏེ། རྡོ་རྗེ་བུར
232b7 བུ་སྲ་བས་རབ་ཏུ་འཇོམས་པར་བྱེད་པ། མཐུ་ཆེན་པ་ཆེན་པོ་གཡོག་བཞི་འབུམ་ལྔ་ཁྲི་དང་ལྡན་པ། འཇིག་རྟེན་གྱི་ཁམས་འདི་ཀུན་ཏུ་སྣང་བར་བྱེད་ཅིང་། རྡོ་རྗེ་རིགས
232b8 ཀྱི་གཞོན་དང་། རྡོ་རྗེའི་སྡེ་དང་། རྡོ་རྗེའི་བེ་ཅོན་དང་། རྡོ་རྗེའི་སྙིང་པོ་དང་། རྡོ་རྗེའི་ཏོག་དང་། རྡོ་རྗེ་སྣང་དང་། རྡོ་རྗེ་སྔོན་པོ་དང་། རིན་འི་རྡོ་རྗེ་དང་། གསང་བའི་རྡོ་རྗེ་དང་།