| e-texts navigator |
| Wylie |
232a1 ། དེ་ནས་བཅོམ་ལྡན་འདས་ལྷ་རྣམས་དང་། ལྷའི་བུ་རྣམས་དང་། ལྷ་མ་ཡིན་རྣམས་དང་། ལྷ་མ་ཡིན་གྱི་བུ་རྣམས་དང་། རླུང་ལྷ་རྣམས་དང་། ནམ
232a2 མཁའ་ལྡིང་རྣམས་དང་། ཀུ་རྣམས་དང་། གནོད་སྦྱིན་རྣམས་དང་། མི་འམ་ཅི་རྣམས་དང་། སྲིན་པོ་རྣམས་དང་། དྲི་ཟ་རྣམས་དང་། རིགས་སྔགས་འཆང་གྲུབ་པ་རྣམས
232a3 དང་། འབྱུང་པོ་རྣམས་དང་། ལོག་འདྲེན་རྣམས་དང་། ཤ་ཟ་རྣམས་དང་། སྣང་བ་དང་མི་སྣང་བའི་མ་མོའི་ཚོ་གས་ཁྱབ་པར་བྱེད་པ་རྒྱ་ཆེ་ད་དག་གིས་དཔག་ཚད་ལྔ་བརྒྱད
232a4 འཁོར་གྱི་དཀྱིལ་འཁོར་དུ་གྱུར་པར་འདུས་ཏེ། དེ་ནས་གནས་པའི་བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྔ་སྟོང་དང་། དགེ་སློང་ཉིས་སྒོང་ལྔ་བརྒྱ་དང་ཐབས་གཅིག་གོ།།
232a5 བཅོམ་ལྡན་འདས་ནི་ཆོས་སྟོན་ཏེ། གནས་པར་བདེ་བ། མཉན་ན་འཁོར་བ་ལས་ངེས་པར་འབྱུང་བའི་ཆོས་སྟོན་ཏོ།། དེ་ན་ལྷ་རྣམས་དང་། ལྷའི་བུ་རྣམས་དང་། ལྷ་མ་ཡིན
232a6 རྣམས་དང་། རླུང་ལྷ་རྣམས་དང་། རླུང་ལྷའི་བུ་རྣམས་དང་། ན་མཁའ་ལྡིང་ལ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། མི་འམ་ཅི་རྣམས་དང་། སྲིན་པོ
232a7 རྣམས་དང་། དྲི་ཟ་རྣམས་དང་། རིགས་སྔགས་འཆང་གྲུབ་པ་རྣམས་དང་། འབྱུང་པོ་རྣམས་དང་། ལོག་འདྲེན་རྣམས་དང་། ཤ་ཟ་རྣམས་དང་། སྣང་བ་དང་མི་སྣང་བའི
232a8 པ་མོའི་ཚོགས་རྣམས་དང་། འབྱུང་པོའི་ཆོ་གས་རྣམས་པར་གྱུ་ཞིང་། དཀ་ཅོ་དང་། འཇིགས་པ་དང་། ཉམ་ཐག་པའི་སྐྲ་འབྱིན་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས