e-texts navigator
Collection
Volume
Page
Wylie

230b1 བྲི་སྟེ། མཚན་མོ་གཅིག་པུར་གྱུར་པས་དཔལ་རྡོ་རྗེ་འཆང་གི་མདུན་དུ་སྟོང་ཕྲག་བརྒྱད་བཟླས་ན་མྱུར་དུ་མདུན་དུ་འོང་ངོ་།། འོངས་པ་ལ་ཆགས་པ་བྱས་ན་དགའ་བར་འགྱུར་རོ།།
230b2 རང་གིས་རྒྱལ་སྲིད་སྟེར་བར་བྱེད་ཅིང་རྒྱལ་སྲིད་ཀྱང་སྐྱོང་ལ་བརྒྱ་བྱིན་ཉིད་ཀྱང་སྟེར་བའོ།། ཞོན་ན་མཐོ་རིས་སུ་ཡང་ཁྱེར་ཞིང་ལོ་ཁྲི་འཚོའོ།། གལ་ཏེ་མ་གྲུབ་ན་མིག་དང་སྤྱི་བོ་འགས
230b3 ཤིང་སྐམས་ལ་སྐད་ཅིག་ཉིད་ལ་འཆིའོ།། དེ་ནས་འབྱུང་པོ་ཐམས་ཅད་གསོད་པའི་ཆོ་ག་རྒྱས་པར་བཤད་པ། སྔོན་བཞིན་དུ་དཀྱིལ་འཁོར་བྲི་སྟེ། གསོད་ཅིང་དགུག་པ་ལ་སྦར
230b4 ན་འབྱུང་མོ་རྣམས་སྐ་ཅིག་འཆིའོ།། ཁྲོ་བོ་ཉིད་ཀྱིས་གསུངསོ།། གུར་གུམ་གྱིས་མིག་བྲིས་རྐང་པ་གཡོན་པས་མནན་ནས་རྡོ་རྗེ་གསོར་ཞིང་ཡི་གེ་ཧཱུཾ་ལན་བདུན་བརྗོད་ནས་བརྗོད
230b5 ནས་པར་གྱུར་ནས་ཉེ་བར་སྐ་ཅིག་གིས་འཆི་བར་བྱེད་དོ།། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ལས་བསྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའོ།། དེ་ནས་ལྷ་དང་ཡང་དག་པར་གནས་པ
230b6 དང་། ཕྱག་འཚལ་བ་དང་། ཇི་ལྟར་སྡིགས་པ་བཤགས་པ་དང་། གང་དུ་འདུག་པ་དང་། འགྲོ་བ་ཐམས་ཅད་དུ་ལྟ་བ་དགུག་པའི་སྔགས་བརྗོད་ཅིང་གཏོར་མ་དམར་པོ་དང་།
230b7 མེ་ཏོག་དང་། བདུག་པ་སྦྱིན་པར་བྱའོ།། གུ་གུལ་གྱི་འདུག་པ་སྦྱིན་ཞིང་། རས་ཀར་པོ་བཀལ་ལ། སྔགས་འདི་ལན་གསུམ་བརྗོད་དོ། དེ་བ་སཾ་བྷུ་ཏམ་བུ་ཧཱུཾ། པྲ་ཏི་བ་རྱ་བི་བ
230b8 ང་ཡ་ཛོ་ཐཱ་མ་ཧཱ་ཏ~ཾ་སཱཧཱ་ན། ཏྲ་ཏྲག་རྫན་དུ། སྨ་ཤ་ནེ་དེ་བ་ཀུ་ལུ་ཤུ། ཨེ་ཀ་པྲི་ཀྵེན་ནེ་ཋི་རི། ཙ་དུ་བྱེ་ཏེ། ཨེ་ཀ་ལིང་གེ། དེ་བ་ཡ་ཧ་ནེ་པུ་ཤི་སྒེ་ག་ཆན་དུ། མང་བྱུང་བན། ས་མ།




iiif viewer powered by OpenSeadragon

230a - 231a

Texts on this page

F519 - 'byung po 'dul ba zhes bya ba'i rgyud kyi rgyal po chen po