e-texts navigator
Collection
Volume
Page
Wylie

230a1 འབྱུངའདུལ་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། འབྱུང་པོ་བརྒྱད་ཀྱི་ཕྱག་རྒྱའི་མཚན་ཉིད་རྫོགསྷོ།། །
230a2 དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། རྡོ་རྗེ་སློབ་དཔོན་ལ་ཕན་པའི་དོན་དུ། བསྙེན་བཀུར་མ་གྲུབ་པའི་ཐབས
230a3 དཔལ་ཆེན་མོ་ཞེས་བྱ་བའི་འབྱུང་མོ་རྡོ་རྗེ་དཔོན་གྱིས་བསྒྲུབ་པར་བྱ་སྟེ། འབྱུང་མོ་རྣམས་ཀྱིས་ནི་ཡིད་ལ་དགའ་བ་སྐྱེད་ཅིང་ཕན་ཚུན་དུ་ཚིམ་པར་བྱེད་པའོ།། དེ་ནས་འབྱུང་བ
230a4 འདུལ་བའི་རྒྱུད་ཆེན་པོ་ལས། འབྱུང་མོ་དཔལ་མོའི་བསྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་པ། ཤྲི་ཧཱུ~ཾ། ཁྲོ་བོའི་བདག་པོ་ཆེན་པོ། བཅོམ་ལྡན་འདས་ཀྱིས་མདུན་དུ
230a5 འབུམ་བཟླས་ན། སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ།། དེ་ནས་ཟླ་བ་ཉ་བ་ལ་ཇི་ལྟ་ར་འབྱོར་པའི་མཆོད་པ་བྱས་སྟེ། གུ་གུལ་གྱི་བདུག་པ་བྱིན་ཞིང་མཚན་མོ་ཐོག་ཐག་བཟླས།།
230a6 དེ་ནས་ཐོ་རངས་ལ་ངེས་པར་འོང་ངོ་།། འོང་བ་ལ་ཙན་དན་གྱི་མཆོད་ཡོན་ཕྱིན་ཞིང་ལེགས་པར་འོངསོ།། ཞེས་བརྗོད་ན། ཀྱེ་བསྒྲུབ་པ་པོ་ཅི་བསྐུལ་བར་བྱེད་སྨྲའོ།། བསྒྲུབ་པ
230a7 བོས་བདག་གི་ཆུང་མ་གྱིས་ཅིག་ཅེས་སྨྲས་མ་དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་ཞིང་། དངོས་གྲུབ་ཀྱི་རྫས་དང་གཉེར་དང་། རྒྱལ་སྲིད་རྣམས་སྟེར་བར་བྱེད་དོ།། བདེ་ར
230a8 བསྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པ་སྟེ་དང་པོའོ།། དེ་ནས་གཞན་ཡང་ནན་ཏུར་གྱིས་བསྒྲུབ་པའི་ཐབས་བཤད་པ། གྲོ་གའི་འདབ་མ་ལ་གུ་གུལ་གྱི་འབྱུང་མོ་དཔལ་ཆེན་མོ




iiif viewer powered by OpenSeadragon

229b - 230b

Texts on this page

F519 - 'byung po 'dul ba zhes bya ba'i rgyud kyi rgyal po chen po