| e-texts navigator |
| Wylie |
229b1 ཉི་མ་དང་པོ་ལ་རྨི་ལམ་དུ་མཐོང་བར་བྱེད་དོ།། ཉི་མ་གཉིས་པ་ལ་རང་ཉིད་མཐོང་བར་བྱེད་དོ།། གསང་སྔགས་འདི་ནི་བླགས་པས་འགྲུབ་པར་བྱེད་ཅིང་ཤིན་དུ་བརྩོན་འགྲུས་དམན
229b2 པ་རྣམས་ལ་ཡང་ཇི་ལྟར་བདེ་བ་ལྟར་མྱུར་དུ་འགྲུབ་པར་བྱེད་ཅིང་། སེམས་ཅན་ཐམས་ཅད་ལ་བདེ་བ་ལ་རབ་ཏུ་སྨིན་པར་བྱེད་པའི་ཡི་གེ་བཞི་པོ་ཆེར་གསང་བ་དངོས་གྲུབ་ཐམས་ཅད
229b3 སྟེར་བར་བྱེ་བ། བླགས་པ་ཙམ་གྱིས་མངོན་དུ་འགྲུབ་པར་བྱེད་པ་སྟེ། འདི་ལ་ཐེ་ཚོམ་མི་བྱ་སྟེ།། ། འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས། དངོང་གྲུབ་ཀྱི
229b4 བསྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། །། དེ་ནས་འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས། འབྱུང་པོ་བརྒྱད་ཀྱི་ཕྱག་རྒྱའི་མཚན་ཉིད་བཤད་པ། སོར་མོ་རྣམ
229b5 ཕན་ཚུན་འཁྱུད་དེ། གུང་མོ་བརྒྱད་ནས་བསྐྱིལ་ཏེ། ཉི་མ་ལྷར་བཟུང་བ་ནི་འབྱུང་པོ་ཆེན་པོ་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་ལས་འཛུབ་མོ་གཡོན་པ་བསྐྱིལ་ཞིང
229b6 མཐེའུ་ཆུང་བརྐྱངས་ཏེས། སོ་སོར་བཟུང་བ་ནི་རྫོགས་བྱེད་ཀྱི་ཕྱག་རྒྱའོ།། སོར་མོ་ཕན་ཚུན་འཁྱུད་དེ་བཟུང་བ་ནི་ཀུན་དུ་རྫོགས་པར་བྱེད་པའི་ཕྱག་རྒྱའོ།། ཕྱག་རྒྱ་འདི་ཉིད་ལས
229b7 མཐེའུ་ཆུང་མཐེ་བོང་ནང་དུ་བཀག་སྟེ། བཟུང་བ་ནི་དུར་ཁྲོད་ཀྱི་བདག་པོའི་ཕྱག་རྒྱའོ།། མཐེའུ་ཆུང་གཉིས་རབ་ཏུ་བརྐྱང་སྟེ་བཟུང་བ་ནི་རིགས་ཀྱི་དབང་ཕྱུག་གི་ཕྱག་རྒྱའོ།། ཕྱག
229b8 རྒྱ་དེ་ཉིད་ལས་ཕྱོགས་ཕྱོགས་སུ་བྱས་པ་ནི། འབྱུང་པོ་དབང་ཕྱུག་གི་ཕྱག་རྒྱའོ།། ཐལ་མོ་ཁ་སྦྱར་ཏེ་འཛུབ་མོ་གཉིས་བསྐམས་པ་ནི་ཕོ་ཉ་མཆོག་གི་ཕྱག་རྒྱའོ།། འབྱུང་པོ