| e-texts navigator |
| Wylie |
229a1 @ཞོ་དང་བུ་རམ་དང་། འོ་ཐུག་དང་སྲན་ཆོད་དང་། བསྣམ་ཁུར་དེ་རྣམས་ཀྱིས་ཇི་ལྟར་གསུངས་པ་བྱིན་ནས། གུ་གུལ་གྱི་གདུགས་པ་ཡང
229a2 བྱིན་ཏེ། ཇི་སྲིད་ནམ་བྱེད་བར་དུ་བཟླས་ན་ནན་ཞེས་པའི་སྒྲ་ཐོས་པར་བྱེད་དེ་འཇིགས་པར་བྱས་ནས། འཁོར་གྱིས་ཡོངསུ་བསྐོར་ནས། འོངས་པ་ལ་གཏོར་མ་བྱིན་ན་དགའ་བར
229a3 འགྱུར་བར་འབྱུང་པོས་མངག་བཞུག་ཐམས་ཅད་བྱེད་དོ།། ཀི་མ་རེ་རེ་དི་ན་ར་བརྒྱ་བརྒྱ་སྟེར་ཞིང་། དགྲ་ཐམས་ཅད་འཇོམས་ཏེ། ལོ་སྟོང་འཚོའོ།། དེ་ནས་རིགས་ཀྱི་དབང
229a4 བྱུག་གི་བསྒྲུབ་པའི་ཐབས་བཤད་པ། ལྷའི་ཁང་པར་སོང་སྟེ། འོ་མ་བོད་མེ་ཏོག་པོད་གུལ་གུལ་གྱི་བདུག་པ་བྱིན་ཞིང་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ།། མཚན་མོ་ནག་པོའི།
229a5 ཆེས་བཅུ་བཞི་ལ། ཤ་དང་། ཧིལ་དང་། འཛམ་བུ་ཏི་ཀ་དང་། འཇམ་འབྲས་ཅན་མང་པོ་ཇི་ལྟ་བར་བསྒྲུབ་ཅིང་། ཇི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན། ནམ་ཕྱེད་ན་སྣང་བ་ཆེན
229a6 པོ་དང་། འཇིགས་པར་བྱེད་པའི་གཟུགས་ཀྱིས་འོངས་ཏེ། དེ་ལ་འཇིགས་པར་བྱས་ན་བུརྦ་བྱ་ཞེས་སྨྲ་བར་བྱེད་དོ། བསྒྲུབ་པ་པོས་མངགས་བཞུགས་ཀྱིས་ཅིག་ཅེས་བསྒོན།
229a7 ཉི་མ་རེ་རེ་དུས་གསུམས་དུ་དི་ན་ར་ལྔ་ལྔ་སྟེར་བར་བྱེད་དོ།། ལྔ་སྟོང་འཚོའོ།། དེ་ནས་འབྱུང་པོའི་དབང་ཕྱུག་གིས་བསྒྲུབ་པའི་ཐབས་བཤད་པ། མཚན་མོ་ལིང་ག་གཅིག་པར་འོངས
229a8 ཏེ། གཅིག་པུ་ནུབ་གསུམ་དུ་འབྲས་ཅན་མང་པོ་དང་། ཤ་དང་ཆང་གིས་གཏོར་མ་སྦྱིན་ཞིང་། གུ་གུལ་དང་། སྦྲང་ཙོ་དང་། ལྡན་པའི་གདུག་པས་བདག་ཅིང་སྟོང་ཕྲག་བརྒྱད་བཟླས