| e-texts navigator |
| Wylie |
228b1 འསླ་བར་བྱེད་པའི། སྔོན་རྣམས་ལ་ཕན་པར་བྱེད་པའི་དོན་དུ་གསུངས་པའི་མངག་བཞུག་བསྒྲུབ་པར་བྱེད་པའི་ཐབས་སྟེ། བསྟེན་པར་བྱ་བ་མ་ཡིན་པའི་མི། ལེ་ལོ་ཅན
228b2 དང་། སྡིག་པ་བྱེད་པ་དང་། རྫུན་སྨྲ་བ་དང་། ཚུལ་འཆོས་པ་ཙམ་དང་། དངུལ་པོ་དང་། ནད་ཀྱིས་གདུངས་པ་དང་། ཆེ་ཐུང་བ་དང་། སེམས་མི་བསྟན་པའི་མི་རྣམས་ཀྱང
228b3 སྤངས་པར་བྱ་སྟེ། གལ་ཏེ་ལོང་སྤྱོད་དང་ནོར་དང་། གྲགས་པ་འདོད་ན་ཡང་སྐ་ཅིག་གིས་ཕུན་སུམ་ཚོགས་པ་དེར། སྔགས་འདི་ནི་དངུལ་ཆུ་དང་། བཅུད་ཀྱི་ལེན་པའི
228b4 དངོས་གྲུབ་དང་། ལྷའི་རྒྱལ་སྲིད་ཀྱི་དངོས་གྲུབ་སྟེར་བར་བྱེད་ན། མི་རྣམས་ཀྱི་རྒྱལ་སྲིད་འགྲུབ་པར་བྱེད་པ་ལྟ་ཅི་སྨོས། དེ་བཞིན་དུ་འདི་ལྟར་ལྷའི་བུ་མོ་ཐམས་ཅད་སྐ་ནིག་ཙམ
228b5 གྱིས་འགྲུབ་པར་བྱེད་དོ།། འོངས་ནས་མདུན་དུ་སྡོང་དེ། ཀྱེ་བུ་ཅི་བྱ་ཞེས་སྨྲ་བར་བྱེད་དོ།། བསྒྲུབ་པ་པོས་མངག་བཞུག་གྱིས་ཅིག་ཅེས་བསྒོ་ན། དེ་ཕན་ཆད་མངག་བཞུག་གི
228b6 ལས་བྱེད་དོ།། གནོད་སྦྱིན་གྱི་བུ་མོ་བཟང་མོ་བླངས་ནས་སྟེར་ཞིང་། གཏེར་ཐམས་ཅད་སྟེར་ལ་ལྷས་འདོད་པའི་བཟའ་བ་སྟེར་རོ།། ཉིན་ཅིག་བཞིན་དུ་རས་དམར་པོ་ཟུང་ཅིག་རེ་རེ
228b7 སྟེར་ཞིང་དོ་རྩེ་ལྔ་ལྔ་སྟེར་ལ་ལོ་ལྔ་བརྒྱ་འཚོའོ།། དེ་ནས་འཁོར་གྱི་བདག་པོའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་པ། མཚན་མོ་དུ་ཁྲོད་དུ་སོང་སྟེ། ཉི་མ་བདུན་དུ་སྟོང་ཕྲག
228b8 བརྒྱད་བརྒྱད་བཟླས་ནས། ཉི་མ་བདུན་པ་ལ་འབྱུང་པོ་ལ་ཤ་དང་། ཀ་དང་ཏིལ་དང་། མཛམ་བུ་སྲས་མ་དང་། འབྲས་བསྲེས་ནས་བཅོས་པ་ཏི་ཀ་དང་། འབྲས་ཆེན་དང་།