| e-texts navigator |
| Wylie |
228a1 གཏེར་སྟེར་རོ།། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་རྣམས་སྨྲ་བར་བྱེད་དོ།། གོས་དང་རྒྱན་དང་། བཟའ་བ་བཟང་པོ་རྣམས
228a2 སྟེར་བར་བྱེད་ཅིང་། ལོ་ཉི་སྟོང་འཚོ་བར་བྱེད་དོ།། དེ་ནས་ཕོ་ཉ་མོ་མཆོག་གི་བསྒྲུབ་པའི་ཐབས་བཤད་པ། རྡོ་རྗེ་འཆང་གི་ཁང་པར་སོང་སྟེ། ནག་པོའི་ཚེ་བཅུ་བཞི་ལ་ཁྲི
228a3 བཟླས་ནས། ཉི་མ་བདུན་པ་ལ་བསྒྲུབ་པ་བརྩམས་པར་བྱ་སྟེ། ཅན་དན་གྱི་དཀྱིལ་འཁོར་བྱ་སྟེ། གུ་གུལ་གྱི་བདག་པ་བྱིན་ཞིང་། མི་ཏོག་དཀར་པོ་དང་། འབྲས་ཅན་དཀར་པོ་དང་།
228a4 མར་དང་འོ་ཐུག་སྦྱིན་ཞིང་། ཀུ་ཤའི་ཁྲི་ལ་འདུག་སྟེ་མར་མེ་རབ་ཏུ་སྦར་ནས། མཚན་མོ་ཇི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན་མངག་བཞུག་མཆོག་རང་ཉིད་འོངས་སྟེ།
228a5 འོངས་པ་ལ་ཙན་དན་གྱི་ཆུས་མཆོད་ཡོན་བྱིན་ན། ཀྱེ་བསྒྲུབ་པ་པོ་བདག་གིས་ཅི་བྱ་ཞེས་སླ་བར་བྱེད་དོ།། དེ་ནས་བསྒྲུབ་པ་པོས་བདག་གི་མངག་བཞུག་གྱིས་ཅིག་ཅེས
228a6 བསྒོ་ན། དེ་ཕན་ཆད་མངག་བཞུག་བྱེད་པར་འགྱུར་རོ།། ལྷས་མངོན་པར་འདོད་པའི་བཟའ་སྟེར་རོ།། དངུལ་ཆུ་དང་། བཅུད་ཀྱིས་ལེན་སྟེར་ཞིང་རྙེད་པར་བྱེད་པ།
228a7 རྒྱབ་ཏུ་ཞོན་ན་མཐོ་རིས་སུ་ཁྱེར་བར་བྱེད་པར་ཅིང་། གཞན་ཡང་སྲིད་སྟེར་བར་བྱེད་དོ།། ལོ་ལྔ་སྟོང་མཚོའོ།། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་གྱིས། མངག
228a8 འདུ་བ་བཞུག་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། །། དེ་ནས་འདིར་ཡང་དག་བཤད་བྱ་ནི། དངོས་གྲུབ་སྣ་ཚོགས་བསྒྲུབ