e-texts navigator
Collection
Volume
Page
Wylie

227b1 ཀྱེ་བསྒྲུང་བ་པོའི་བཀའ་བསྩལ་ཞེས་སྨྲས་པར་བྱེད།། བསྒྲུབ་པ་པོས་མངག་བཞུག་གྱིས་ཅིག་ཅེས་བསྒོ་ན། རྒྱབ་ཏུ་ཞོན་ན་གླིང་བཞི་པ་རྣམསུ་ཡང་ཁྱེར་བྱེད་ཅིང་།
227b2 གཞན་ཡང་རྒྱལ་སྲིད་སྟེར་ལ་ལོ་སྟོང་འཚོའོ།། དེ་ནས་རྫ་གོས་བྱེད་བསྒྲུབ་པའི་ཐབས་བཤད་པ། རྡོ་རྗེ་འཆང་གི་ཕོ་བྲང་དུ་སོང་སྟེ། ཉི་མ་བདུན་དུ་སྟོང་བྲག་བརྒྱད
227b3 བརྒྱད་བཟླས་ནས། ཉི་མ་བདུན་པ་ལ་མཆོད་པ་རྒྱས་པར་བྱས་ཏེ། འབྲས་ཆེན་དཀར་པོ་དང་། ཞོ་ཇི་ལྟར་གསུངས་པ་ལྷར་བྱིན་ནས་ཇི་སྲིད་ནམ་གྱི་བར་དུ་བཟླས་ན། ནམ
227b4 བྱེད་ན་རང་ཉིད་འོང་ཏེ། འོངས་པ་ལ་མེ་ཏོག་གིས་མཆོད་ཡོན་བྱིན་ན། དགེ་བར་འགྱུར་ཏེ་རྒྱལ་སྲིད་སྟེར་བར་བྱེད་དོ།། བསམ་པ་ཐམས་ཅད་རྫོགས་པར་བྱེད་ཅིང་ལོ་སྟོང
227b5 འཆིའོ།། ཇི་སྲིད་དུ་འཚོ་བ་དེ་སྲིད་དུ་མདག་གཞུགས་གི་ལས་བྱེད་དོ།། ཆེ་གེ་མོས་འཚོ་བར་གྱིས་ཅིག། ཆེ་གེ་མོ་སོད་ཅིག་ཅེས་སྨྲས་ན། དེ་དག་ཐམས་ཅད་བྱེད་དོ།། ཀུན་ཏུ
227b6 མ་རྫོགས་བྱེད་ཀྱི་བསྒྲུབ་པའི་ཐབས་བཤད་པ། སྐུ་གདུངས་དང་བཅས་པའི་མཆོད་རྟེན་གྱི་དུང་དུ་ཁྲི་བཟླས་ན། སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ།། དེ་ནས་ཟླ་བ་ཉ་ཇི་སྲིད
227b7 འབྱོར་པའི་མཆོད་པ་བྱས་ཏེ། ཇི་སྲིད་ནམ་བྱེད་ཀྱི་བར་དུ་བཟླས་ན་ནམ་བྱེད་ན་རིངས་པར་འོང་ཞིང་། གསུམ་པ་ལ་རིངས་པར་འོངས་ཤིང་མདུན་དུ་འདུག་ནས་དེ་འདི་སྐད་སྨྲ
227b8 བར་བྱེད་དོ།། བཀའ་ཅི་སྩལ། དེ་ནས་བསྒྲུབ་པ་པོས་མངག་གཞུག་གྱིས་ཅིག་ཅེས་བརྗོད་པར་བྱའོ།། རྟག་ཏུ་ཕྱི་བཞིན་འབྲེང་བར་འགྱུར་ཞིང་རང་ཉིད་སོར་ནས་མི་ཟད་པའི




iiif viewer powered by OpenSeadragon

227a - 228a

Texts on this page

F519 - 'byung po 'dul ba zhes bya ba'i rgyud kyi rgyal po chen po