e-texts navigator
Collection
Volume
Page
Wylie

227a1 བྱུང་། @#ཧྲི་ཛ། རྫོགས་བྱེད་ཀྱིའོ།། ཨོཾ་བྷུ་ཛ་ཀུན་ཏམ་རྫོགས་བྱེད་ཀྱིའོ།། ཨོཾ་སུ་ཛ། དུར་ཁྲོད་ཀྱི་བདག་པོའིའོ།། རིགས་ཀྱི་དབང་ཕྱུག
227a2 གིའོ།། ཨོཾ་ཨ་ཛ། མངག་བཞུགས་ཀྱིའོ།། འབྱུང་པོ་གཞན་གྱིས་མི་ཐུབ་པའི་བསྒྲུབ་པའི་ཐབས་བཤད་པ། རྡོ་འཆང་གི་ཁྱིམ་དུ་སོང་སྟེ། སྔོན་འབུམ་བཟླས་ན་སྔོན་དུ
227a3 བསྙེན་པ་བྱས་པས་འགྱུར་རོ།། དེ་ནས་ཟླ་ཀ་ལ་མཆོད་པ་ཆེན་པོ་བྱས་ཏེ། ཇི་ལྟར་གསུངས་པའི་འབྲས་ཆེན་དཀར་པོ་དང་། སྦྲང་རྩི་དང་། ཞོ་དང་། འབྲུ་མར་དང་། འོ
227a4 མ་དང་ཤ་རྣམས་ཀྱིས་མཆོད་ཅིང་གུ་གུལ་གྱི་དུད་པས་བདག་པ་བྱིན་ནས། མཚན་ཐོག་ཐག་བཟླས་ན་ཐོ་རངས་ལ་ངེས་པར་འོང་ངོ་།། གལ་ཏེ་ངེས་པར་མ་འོངས་ན་སྐ་ནིག་དེ་ལ
227a5 འཆིའོ།། འོངས་ན་བསྒོ་བ་ནོན་པར་བྱས་ཏེ། བསྒྲུབ་པ་པོས་མངག་བཞུག་གྱིས་ཅིག་ཅེས་བསྒོ་ན། དེ་ཕན་ཆད་མངག་བཞུག་གི་ལས་བྱེད་ལ། རིག་པ་འཛིན་པའི་རྒྱལ
227a6 སྲིད་ཀྱང་སྟེར་བར་བྱེད་ཅིང་དགྲ་ཐམས་ཅད་ཆར་བཅད་པར་བྱེད་དོ།། ཟླ་བའི་ལྷ་མོ་བླངས་ནས་སྟེར་ཞིང་རྒྱབ་དུ་ཞོན་ན་ལྷའི་འཇིག་རྟེན་དུ་ཡང་ཁྱེར་བར་བྱེད་དོ།། བརྒྱ་བྱིན་ཉིད་ཀྱང
227a7 སྟེར་བར་བྱེད་ཅིང་བསྐལ་པ་འདུན་འཚོའོ།། དེ་ནས་རྒྱལ་སྲིད་ཀྱི་བསྒྲུབ་པའི་ཐབས་བཤད་པ། མཚན་མ་བྱིན་བྱེད། མའི་མདུན་དུ་སོང་སྟེ། ཞི་མ་རེ་རེ་སྟོང་ཕྲག་བརྒྱད
227a8 བརྒྱད་བཟླས་ན། ཉི་མ་བདུན་པ་ལ་མནོན་པ་རྒྱས་པར་བྱས་ཏེ། གཏོར་མ་སྦྱིན་ཞིང་གུགུལ་གྱི་བདུག་པ་བྱིན་ནས་བཟླས་ན། བཟླས་པའི་མཐའ་ལ་ངེས་པར་འོངས་ཏེ།།




iiif viewer powered by OpenSeadragon

226b - 227b

Texts on this page

F519 - 'byung po 'dul ba zhes bya ba'i rgyud kyi rgyal po chen po