| e-texts navigator |
| Wylie |
226a1 འགྱུར།། @#མཛད་པ། གྲུབ་པའི་རྡོ་རྗེ་ཁྲོ་བོ་ཆེ། ལྷ་ཞིང་དམ་ཚིགས་ལ་ཞུགས་ཤིག། ཨོཾ་བཛྲ་ཕཊ། འདི་བརྗོད་པ་ཙམ་གྱིས། ལྷ་ཐམས་ཅད
226a2 གྲུབ་པར་བྱེད།། དེ་ནས་འདིར་རྡོ་རྗེ་གསོར་བར་བཤད་པ། འདི་ལྟར་ཡི་གེ་ཧཱུཾ་བཟླས་ཤིང་། ཕྱག་ན་རྡོ་རྗེས་གསུངས་པ་ལྟར་ལྷ་ཐམས་གཞོམ་ཞིང་ལྷའི་བུ་མོ་ཐམས
226a3 ཅན་དང་། གནོད་སྦྱིན་དང་། ཀུ་མོ་དང་། འབྱུང་མོ་རྫུ་ཕྲུལ་ཆེན་མོ་རྣམས་སྐད་ཅིག་དེ་ཉིད་ལ། བཞོམ་པར་བྱ་སྟེ། རྡོ་རྗེ་གསོར་བའི་སྦྱོར་བ་དང་ལྡན་པས། ཨོཾ་བཛྲ་དི་བ
226a4 ཧ་ཡེ་མ་ཧཱ་ཀྲོ་ཏ། ཧ་ན་ཧ་ན། བ་ཙ་མ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། བརྒྱ་རྩ་བརྒྱད་བརྒྱད་བཟླས་པས་སྐ་ཅིག་དེ་ཉིད་ལ། ལྷ་ཐམས་ཅད་གསོད་ཅིང་འཁྲུག་པར་བྱེད་དོ།། ཧཱུཾ་ཧཱུཾ་ཧཱུཾ་ཕཊ
226a5 ཕཊ་ཕཊ། སྦྱོར་བ་འདི་ཀྱང་སངས་རྒྱས་རྣམ་པར་བཞིག་པར་བྱེད་དོ།། དེ་ནས་སློབ་དཔོན་བཞག་པར་བྱ་སྟེ། ཁྲོ་བོའི་ཕྱག་རྒྱས་གོ་ཆ་བྱས་ལ་སྔགས་འདི་གདབ་པར་བྱའོ།།
226a6 ཨོཾ་ཨ་བི་ཤ་ཀྲོ་ཧ་ཧཱུཾ་ཧཱུཾ་ཧཱུཾ་ཨ་ཛ་ལ་མ་ལ་ཨ་གྷུ་ལ་བྷི་ཤྭ་ཎ་བཛྲ་ཡ། འདི་བརྗོད་པ་ཙམ་གྱིས་ཕྱི་རོལ་གྱི་དབབ་པ་དང་། དགུག་པ་དང་། ལྟུང་བར་བྱ་བ་རྣམས་ནུས་པར་འགྱུར་རོ།།
226a7 དེ་ནས་འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས། ཁྲོ་བོའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་བཤད་པ། ཨོཾ་དྷུ་ཤྲི་སི་ཧ། དྷ་ཛ་དྷ་རི་ནི་ཧྲི། ཁྲོ་བོའི་མདུན་དུ་འོང་ངོ་།། ཨོཾ་ཧཱུཾ་ཧཱུ~ཾ་མ་ཧཱ
226a8 ཁད་མ་བྷ་དྷི་དྷ་སུར་བཱ་ན་དྷ་རི་ནི་ཧཱུཾ། རྒྱང་དུའོ།། ཨོཾ་ཧཱུཾ་བི་བྷུད་ཏི་ཨ་ཀུ་ཤངྒ་རི་ནི་ཧཱུཾ་ཛ། ལྷོ་རུའོ།། ཨོཾ་ཧཱུཾ་བྷྲཾ་སུ་ར། ཧ་རི་ནི་ཙིན་དྷ་མ་ཎི་དྷ་ཛ་ན་རཻ་ནི་ཧཱུཾ། གཡོན་དུའོ།། ཨོཾ་ཤྲྀ་བ~ཾར