e-texts navigator
Collection
Volume
Page
Wylie

225b1 འཛིན་པ། ཁ་བ་མེ་ཏོག་ཀུན་དྷ་དང་། ཟླ་བ་རྒྱ་བྱིན་མདུན་བྲི་སྟེ། རུས་སྦལ་སྙན་པ་འཁོད་པར་རོ།། ཡང་ན་སྔགས་པས་མུ་ཏིག་དང་། བ་ཡི་ཞོ་དང་དཀར་པོ་ནི།
225b2 རྔ་ཡང་ཐོགས་པར་སྨིན་དྲུག་བྲི། མིག་གིས་རྣམས་པར་བརྒྱན་པའི། རྒྱ་བྱིན་ཁ་དོག་སེར་པོ་བྲི། རྒྱན་རྣམས་ཀུན་གྱིས་རྣམས་བསྤྲས། རྔ་ཡབ་ཐོགས་པར་བྲི་བར་བྱ།
225b3 དེ་བཞིན་ཁྱུར་མཆོག་ལ་ཞོན་པ།། ལྷ་ཆེན་པོ་ནི་བྲི་བྱ་སྟེ། བྱ་ཁྱུང་ལ་ཞོན་འཁོར་ལོ་ཅན། ངང་བ་ལ་ཞོན་བྲི་བར་བྱ། རྒྱ་བྱིན་གླང་ཆེན་ཞོན་པ་སྟེ། སྨིན་དྲུག་རྨ་བྱ་ཞོན་པ་སྟེ།
225b4 ཕྱི་རོལ་དག་ནི་གྲོང་རྣམསུ། འབྱུང་མོ་བརྒྱད་ནི་བྲི་བར་བྱ། པད་མ་ཅན་དང་པད་ཆེན་དང་། རྣམ་འཇོམས་རྣམ་དང་ལྷ་འཇོམས་མ། འཕྲོག་མ་མཆོག་དང་རིན་ཆེན་མ།
225b5 བརྒྱན་མ་འགྲོ་བ་སྐྱོང་བ་རྣམས། དཔལ་གྱི་སྒྲ་ཡིས་རབ་བསྒྲགས་པ། འབྱུང་མོ་ཆེན་མོ་བརྒྱད་པོ་སྟེ། བད་མ་ཅན་དང་པད་ཀ་ཅན་མོ།། པད་མ་དཀར་པོ་ལྟ་བུར་བྲི།
225b6 རྣམ་འབྱུང་མ་དང་ལྷ་འཇོམས་མ། ཁ་དོག་དམར་པོ་བྲི་བར་བྱ། འབྱུང་མོ་བཞི་རྣམས་མཚངས་པར་ནི། གསེར་གྱི་མདོག་དུ་བྲི་བྱི་སྟེ། རྫུ་འཕྲུལ་ཆེན་ལྡན་འབྱུང་མོ་བརྒྱན།
225b7 ཇི་ལྟར་བསམས་བཞིན་དེར་ལེགས་བྲི། དེ་ནས་འདིར་དཀྱིལ་འཁོར་གྱི་ཆོ་ག་བཤད་པ། རྡོ་རྗེ་སློབ་དཔོན་བདག་ཉིད་མེ་ཏོག་སྔོན་པའི་ཕྲེང་བས་བརྒྱན་ཅིང་། གཙུག་གཏོད
225b8 སྔོན་པོ་བཅིངས་ནས། རས་སྔོན་པོ་ཟུང་གཅིག་བགྲོས་ཏེ། སྔོན་བཞིན་ཁྲོ་བོའི་སྙིང་པོ་བརྗོད་པར་བྱའོ།། སེམས་ཅན་ཀུན་ལ་ཕན་དོན་དུ། མྱུར་དུ་དངོས་གྲུབ་སྦྱིན




iiif viewer powered by OpenSeadragon

225a - 226a

Texts on this page

F519 - 'byung po 'dul ba zhes bya ba'i rgyud kyi rgyal po chen po