e-texts navigator
Collection
Volume
Page
Wylie

225a1 བཅོམ་ལྡན་འདས་མི་བྱེད་པའི་སྙན་པའི་འཇིག་རྟེན་གསུམ་གྱི་ལྷ་རྣམས་ཀྱིས་འདའ་བར་བྱ་བ་མ་ཡིན་པ། བསྒྲུབ་པའི་ཐབས་ཀྱི
225a2 ཆོ་ག་རྒྱས་པའི་ལེའུ་ཕྱག་རྒྱ་དང་སྔགས་ཀྱི་རིམ་པ་ཕྱེ་བ་བཤད་དུ་གསོལ། དེ་ནས་འཁོར་གྱི་དཀྱིལ་ན་གནས་པ་རྣམས་ཀྱིས་ལྷ་ཆེན་པོ་ལ་ལེགས་སོ་ཞེས་བྱིན་ཏེ། ཤིན་དུ
225a3 གདུལ་དཀའ་བ་རྣམས་འདུལ་བར་བྱེད་པ་གསོལ་གདབ་པ་ནི་ལེགསོ་ལེག་སོ།། དེ་ནས་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོས་འདི་སྐད་ཅེས་སྨྲས།། ཁྲོ་བོའི་དཀྱིལ་འཁོར་དམ་པ་ནི།
225a4 གྲུབ་ཞི་བ་ལ་སྒོ་བཞི་པ། རྟ་བབས་བཞི་ཡིས་རྣམས་པར་བརྒྱན། ཆ་རྣམས་བཅུ་དྲུག་དག་དང་ལྡན། རྡོ་རྗེ་ར་བས་མཛེས་པའོ།། འབར་བའི་ཕྲེང་བ་འཁྲུགས་ཤིང་གསལ།
225a5 བསྐལ་པའི་མེའི་མེ་འོད་འདྲ། ལུས་ཅན་མིག་སྨན་སྤུངས་འདྲ་ཞིང་། ཐོད་པའི་ཕྲེང་བས་རྒྱན་དུ་བྱས། རྟག་ཏུ་བཞད་ཅིང་ཆེར་འཇིགས་པ། འཇིག་རྟེན་གསུམ་པོ་འཇིགས
225a6 མཛད་པའི། དེ་ཡིས་དབུས་སུ་དྲག་པོ་ཆེ། རྡོ་རྗེ་ཁྲོ་བོ་བཀོད་པར་བྱ། བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ། ལྷ་ཆེན་པོ་ནི་བྲི་བྱ་སྟེ། བ་ཞོ་མུ་ཏིག་ལྷར་དཀར་ཞིང་། དེ
225a7 བཞིན་དཀར་པོ་དྲུང་འདྲ་བ། མིག་གསུམ་ལག་པ་བཞི་པ་ལ། ཞི་ཞིང་ལག་པ་གཡོན་པ་ན། མདུང་རྩེ་གསུམ་པ་ཐོགས་པར་རོ།། གཡོན་གྱི་ཕྱོགས་ཀྱི་ཆ་རུ་ནི། སྲེད་མེད
225a8 བུ་ནི་བྲི་བྱ་སྟེ། གཡས་པ་ན་ནི་རྔ་ཡབ་དང་། གཡོན་ན་འཁོར་ལོ་གསལ་ཤིང་ངོ་།། རྒྱབ་དུ་རྒྱ་བྱིན་རྒྱལ་པོ་སྟེ། དེ་བཞིན་སྨིན་དྲག་མདུན་དུའོ།། ཚངས་པ་ལག་ན་གདུག




iiif viewer powered by OpenSeadragon

224b - 225b

Texts on this page

F519 - 'byung po 'dul ba zhes bya ba'i rgyud kyi rgyal po chen po